ཁོར་ཡུག་གཅེས་སྲུང་ཆེད་ཉི་འོད་དང་རླུང་གི་ནུས་ཤུགས་བེད་སྤྱོད་རྒྱ་བསྐྱེད་གཏོང་དགོས། ༧གོང་ས་མཆོག་གིས།

2021-04-21
Share
ཁོར་ཡུག་གཅེས་སྲུང་ཆེད་ཉི་འོད་དང་རླུང་གི་ནུས་ཤུགས་བེད་སྤྱོད་རྒྱ་བསྐྱེད་གཏོང་དགོས། ༧གོང་ས་མཆོག་གིས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག
OHHDL

འཛམ་གླིང་གོ་ལའི་ཉིན་མོ་དང་བསྟུན་༧གོང་ས་མཆོག་གིས་ཁོར་ཡུག་གཅེས་སྲུང་ཆེད་ཉི་འོད་དང་རླུང་གི་ནུས་ཤུགས་བེད་སྤྱོད་རྒྱ་བསྐྱེད་གཏོང་དགོས་བའི་བཀའ་གནང་འདུག
ཕྱི་ཟླ་ ༤ བའི་ཚེས་ ༢༢ ་འཛམ་གླིང་གོ་ལའི་ཉིན་མོ་དང་བསྟུན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་གཅེས་སྲུང་དགོས་པ་དང་། ལྷག་པར་དུ་གོ་ལའི་ཚ་དྲོད་རྒྱས་བཞིན་པ་འགོག་ཐབས་སུ་རྡོ་སོལ་དང་རྡོ་སྣུམ། རྫས་རླངས་སོགས་ཀྱི་གློག་ཤུགས་ཀྱི་ནུས་པའི་འབྱུང་ཁུངས་ལ་བརྟེན་མི་དགོས་པར། ཉི་འོད་དང་རླུང་གི་ནུས་ཤུགས་འབྱུང་ཁུངས་ཀྱི་འཕྲུལ་རིག་ཡོད་པ་དེ་དག་རྒྱ་བསྐྱེད་གཏོང་དགོས་པ་ནོ་བེལ་བྱ་དགའ་བཞེས་པ་པོ་རྣམ་པའི་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་དྲ་ཐོག་གི་མཇལ་འཛོམས་ཐོག་བཀའ་གནང་འདུག
ཨ་རིའི་སྲིད་འཛིན་འཇོ་སྦཡེཌན་མཆོག་གིས་འཛམ་གླིང་གོ་ལའི་ཉིན་མོ་དང་བསྟུན་ནས། གནམ་གཤིས་ཁོར་ཡུག་གི་གནད་དོན་ཐད། རྒྱ་གར་དང་རྒྱ་ནག། དེ་བཞིན་ཡོ་རོབ་ཡུལ་གྲུ་ཁག་གི་དབུ་ཁྲིད་དང་ཁོར་ཡུག་ལས་དོན་འགོ་ཁྲིད་པ་༤༠ ལྷག་གི་ཆེས་མཐོའི་ལྷན་ཚོགས་ཤིག་དྲ་ཐོག་ནས་ཉིན་གྲངས་གཉིས་རིང་བསྐོང་ཚོགས་གནང་བཞིན་ཡོད་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་། གཞན་ཡང་ཚན་རིག་དང་རྫས་སྦྱོར། དཔལ་འབྱོར་སོགས་རིག་གནས་འདྲ་མིན་ཐད་ནོ་བེལ་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་༡༠༡ཐོུང་གི་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། གོ་ལའི་ཁོར་ཡུག་གི་ཆེས་མཐོའི་ལྷན་ཚོགས་འདིའི་ཐོག་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་གནམ་གཤིས་དང་ཁོར་ཡུག་གི་གོད་ཆགས་ཚབས་ཆེ་འགོག་ཐབས་སུ་རྡོ་སྣུམ་དང་རྡོ་སོལ། སོལ་རླངས་སོགས་ཀྱི་བེད་སྤྱོད་རྒྱ་སྐྱེད་མཚམས་འཇོག་ཡོང་བའི་རེ་སྐུལ་ནན་པོ་གནང་འདུག
ཨ་རིའི་སྲིད་འཛིན་སྦཡེ་ཌེན་མཆོག་གིས་གནམ་གཤིས་ཁོར་ཡུག་ཐད་དམིགས་བསལ་ཐུགས་སྣང་གནང་པར་ནོ་སྦེལ་བྱ་དགའ་བཞེས་པ་པོ་རྣམ་པས་དགའ་བསུ་ཞུས་པ་དང་སྦྲགས། རིམ་པས་ཉི་འོད་དང་མཁའ་རླུང་སོགས་ནས་བྱུང་བའི་གློག་ཤུགས་ནུས་པ་གོང་མཐོར་གཏོང་དགོས་པའི་དགོངས་འཆར་བཏོན་ཡོད་པ་རེད།
བསྒྲགས་གཏམ་དེར་མཚན་རྟགས་སྐྱོན་མཁན་གྱི་གྲས་སུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ལྕམ་ཇོ་ཊི་ཝི་ལིཡམསི། ཀེ་ལཤ་ས་ཐི་ཡར་ཐི་ལ། ཧོ་སེ་ར་མོསི་ཧོར་ཏ་ལ་སོགས་པ་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།