སྤྱི་ནོར་༧གོང་ས་མཆོག་རྒྱ་གར་གྷོ་ཝ་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་འདུག

2019-12-09
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་མཆོག་རྒྱ་གར་གྱི་(Aurangabad)་གྲོང་ཁྱེར་དུ། ༢༠༡༩།༡༡།༢༤
སྤྱི་ནོར་༧གོང་ས་མཆོག་རྒྱ་གར་གྱི་(Aurangabad)་གྲོང་ཁྱེར་དུ། ༢༠༡༩།༡༡།༢༤
OHHDL

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྷོ་ཝའི་གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༢་བའི་ཚེས་༩་ཉིན། བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཞལ་བསྒྱུར་གནང་གིས། རྒྱ་གར་གྱི་གྲོང་ཁྱེར་གྷོ་ཝའི་ནང་ཡོད་པའི་གྷོ་ཝ་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཟླ་བ་འདིའི་ཚེས་བཅུ་གཅིག་ཉིན་སློབ་གཉེར་ཁང་དེའི་ནང་།  རྒྱ་གར་གྱི་གནའ་བོའི་དཔལ་ནཱ་ལེནྡྲའི་བསླབ་གཞི་དེ་དག་ད་ལྟའི་དུས་ཚོད་འདིར་འབྲེལ་བ་དང་དགོས་མཁོ་ཇི་ཆགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་རྒྱུ་ཡིན་འདུག་ལ་མཛད་རིམ་དེ་བཞིན་དྲ་ལམ་བརྒྱུད་ནས་ཐད་ཀར་རྒྱང་སྲིང་གནང་རྒྱུ་ཡིན་འདུག
གྷོ་ཝའི་མཛད་འཆར་གྲུབ་པའི་རྗེས་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཆིབས་བསྒྱུར་གྱིས། འདི་ཚེས་བཅུ་བཞི་ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་འདུ་ཁང་གསར་པའི་དབུ་འབྱེད་མཛད་རྒྱུ་དང་། ཚེས་བཅུ་དྲུག་ཉིན་འབྲས་སྤུངས་བློ་གསལ་གླིང་དུ་ཚེ་དབང་སྩལ་གནང་རྒྱུ། ཚེས་༡༧་ཉིན་མུ་མཐུད་ནས་བློ་གསལ་གླིང་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་ཚོགས་འདུར་དབུ་བཞུགས་གནང་རྒྱུ། ཚེས་༢༠་ཉིན་དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་རྒྱལ་སྤྱིའི་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེའི་མཛད་རྣམ་དང་འབྲེལ་བའི་ལྷན་ཚོགས་དབུ་འབྱེད་མཛད་རྒྱུ། ཚེས་༢༡་ཉིན་རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་རྫོགས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་མཛད་སྒོར་དབུ་བཞུགས་དང་། ཚེས་༢༢་ཉིན་མོན་གྷོ་གཞིས་ཆགས་སུ་ཡོད་པའི་དགོན་སྡེ་གྲྭ་ཚང་ཁག་ཐུན་མོང་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་རིམ་པ་ཞིག་བསྐྱངས་གནང་འཆར་ཡོད་འདུག རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་གྲུབ་གནང་བའི་རྗེས་སུ། ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་དང་པོའི་ཚེས་༢་ནས་༦་བར་གནས་མཆོག་རྡོ་རྗེ་གདན་དུ་སྔ་ལོའི་འཕྲོས་ནས་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་དེ་བཞིན་འཇམ་དབྱངས་ཆོས་འཁོར་སོགས་ཀྱི་གསུང་ཆོས་སྩལ་གནང་རྒྱུ་ཡིན་འདུག དེ་ནས་ཕྱི་ཟླ་གཉིས་པའི་ཚེས་བཞི་དང་ལྔ་ཉིན་གྲངས་གཉིས་རིང་བྱ་རྒོད་ཕུང་པོ་རིར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་ཕེབས་བཞུགས་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།