༧གོང་ས་མཆོག་གིས་གཙུག་ལག་སློབ་ཆེན་ཁག་གི་ཉེ་བའི་རིགས་བདག་ལྷན་བགྲོ་གླེང་།


2018.03.20
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་གྲ་ཆེན་མོའི་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་ཆེན་ཐེངས་དགུ་བཅུ་གོ་གཉིས་པའི་སྐབས། ༢༠༡༨།༣།༢༠ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་གྲ་ཆེན་མོའི་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་ཆེན་ཐེངས་དགུ་བཅུ་གོ་གཉིས་པའི་སྐབས། ༢༠༡༨།༣།༢༠
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༠་ཉིན་རྒྱ་གར་གྱི་གཙུག་ལག་སློབ་གྲ་ཆེན་མོ་ཁག་གི་ཉེ་བའི་རིགས་བདག་རྣམ་པའི་ལྷན་དུ་ཆོས་ལུགས་དང་མ་འདྲེས་པའི་ཡ་རབས་བཟང་སྤྱོད་ཁྱབ་སྤེལ་གཏོང་ཕྱོགས་ཐད་དགོངས་ཚུལ་བརྗེ་ལེན་གྱི་བགྲོ་གླེང་གནང་འདུག
དེ་ཡང་དེང་སྐབས་ཝ་ཎ་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་གྲ་ཆེན་མོའི་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་ཆེན་ཐེངས་དགུ་བཅུ་གོ་གཉིས་པ་སྐོང་འཚོགས་གནང་བཞིན་པ་ཡིན་ཅིང༌། ཚོགས་ཆེན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་པ་བཞིན་ཚེས་༡༩་ཉིན་༧གོང་ས་ཆེན་པོ་མཆོག་གིས་དེ་ལྟར་བཀའ་དྲིན་བསྐྱང་ཏེ། ཚེས་༢༠་ཉིན་ཚོགས་ཆེན་དེར་མཉམ་ཞུགས་གནང་བར་ཕེབས་པའི་རྒྱ་གར་གྱི་གཙུག་ལག་སློབ་གྲ་ཆེན་མོ་བརྒྱ་དང་ལྔ་བཅུ་ཙམ་གྱི་ཉེ་བའི་རིགས་བདག་རྣམ་པའི་ལྷན་དུ་སློབ་གྲ་ཁག་གི་ནང་དེང་དུས་ཤེས་ཡོན་གྱི་མཉམ་དུ་ཆོས་ལུགས་དང་མ་འདྲེས་བའི་ཡ་རབས་བཟང་སྤྱོད་ཀྱི་སློབ་སྦྱོང་ཡང་སྤྲོད་དགོས་པའི་གལ་གནད་སྐོར་བཀའ་བསྡུར་གནང་འདུག་པ་དང༌། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ན་མ་སོན་པའི་བྱིས་པ་ཚོའི་སེམས་ནང་ལྷད་གང་ཡང་མེད་ཀྱང༌། ལོ་ན་སོན་ཏེ་སློབ་གྲར་བསྐྱོད་འགོ་བཙུགས་སྐབས་དེང་དུས་ཀྱི་སློབ་སྦྱོང་སྤྲོད་སྟངས་ཀྱི་རྐྱེན་པས་ང་དང་ཁྱོད། ང་ཚོ་དང་ཁྱོད་ཚོ་ཟེར་བ་ལྟ་བུའི་བསམ་བློ་སྐྱེས་ཏེ་སྤྱི་ཚོགས་ནང་འཕྲད་བཞིན་དཀའ་ངལ་འདྲ་མིན་ཡོང་གི་ཡོད། སྤྱི་ཚོགས་ཀྱི་དཀའ་ངལ་དེ་དག་སེལ་དགོས་ན་དེང་དུས་ཀྱི་ཤེས་ཡོན་མཉམ་དུ་སེམས་ལ་བཟོ་བཅོས་རྒྱབ་རྒྱུའི་ཆོས་ལུགས་དང་མ་འདྲེས་པའི་ཡ་རབས་བཟུང་སྤྱོད་ཀྱི་སློབ་སྦྱོང་སྤྲོད་དགོས་པ་གལ་ཆེན་པོ་ཡིན། དེ་ལྟར་ཡོང་བར་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློའི་རྨང་གཞིར་བཞག་པའི་ཤེས་ཡོན་སྤྲོད་ཐུབ་པ་བྱུང་ན། ཐོག་མར་རང་གི་ཁྱིམ་ཚང་དང༌། དེ་ནས་རིམ་བཞིན་ཉེ་འཁོར་གྱི་སྤྱི་ཚོགས། མཐའ་མར་འགྲོ་བ་མི་ཡོངས་ཀྱི་བདེ་རྩར་བསམ་བློ་འཁོར་ཐུབ་པ་ཞིག་ཡོང་གི་རེད། དེ་ལྟར་བྱུང་བ་ཡིན་ན་འཛམ་གླིང་འདིའི་ནང་ཡོད་པའི་འགྲོ་བ་ཡོངས་ལ་ཞི་བདེ་བསྐྲུན་ཐུབ་པ་ཡོང་གི་རེད་ཅེས་བཀའ་སྩལ་ཡོད་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎