རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཀྱི་རླབས་འཕྱུར་བཞིན་པའི་དུས་འདིར་ཐུགས་སྨོན་དང་ཞལ་འདེབས་གསོལ་བསྩལ་གནང་འདུག

2021.04.27
རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཀྱི་རླབས་འཕྱུར་བཞིན་པའི་དུས་འདིར་ཐུགས་སྨོན་དང་ཞལ་འདེབས་གསོལ་བསྩལ་གནང་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
File photo

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་བབས་ཧ་ཅང་ཛ་དྲག་རང་བཞིན་ཆགས་པའི་དུས་འདིར་ཐུགས་འཚབ་དང་བཅས་རྒྱ་གར་གྱི་སྲིད་བློན་གྱི་ངལ་སེལ་རོགས་སྐྱོར་ཐེབས་རྩར་ཞལ་འདེབས་གསོལ་བསྩལ་གནང་ཡོད་པ་རེད།
རྒྱ་གར་རྒྱལ་ཡོངས་ནང་ཀོཝིཌ་༡༩་ཏོག་དབྱིམས་ནད་ཡམས་ཁྱབ་གདལ་གྱི་ཚ་རླབས་རིམ་པ་གཉིས་པ་ཞིག་བྱུང་སྟེ། འདས་པའི་ཉིན་གྲངས་འགའ་ཤས་ནང་མི་ས་ཡ་གཅིག་ལྷག་ལ་རྣམ་པ་གྱུར་བའི་ཀོ་ཝིཌ་༡༩་ནད་འབུ་ཕྲ་མོའི་ཏོག་དབྱིབས་ནས་ཡམས་ཕོག་པ་དང་། མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བཞིན་པའི་གནས་སྟངས་ཧ་ཅང་གི་ཛ་དྲག་པའི་སྐབས་འདིར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་འཚབ་ཆེན་པོའི་ཐོག་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་མཚན་ཐོག་རྒྱ་གར་མི་དམངས་ལ་གདུང་སེམས་མཉམ་སྐྱེད་མཚོན་པའི་བཀའ་ཡིག་ཞིག་གནང་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་རྒྱ་གར་ནང་ཀོ་ཝིཌ་༡༩་ནད་ཡམས་ངལ་སེལ་དང་འབྲེལ་བའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་ཕྱག་དངུལ་ཞལ་འདེབས་གསོལ་བསྩལ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༤་ཚེས་ ༢༧ ་ཉིན་རྒྱ་གར་གྱི་སྲིད་བློན་ལ་གནང་པའི་བཀའ་ཡིག་དེའི་ནང་། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་རྒྱ་གར་གཙོས་བའི་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་ཐད་ཐུགས་འཚབ་ཡོད་པ་དང་། གོ་སྐབས་འདི་བརྒྱུད་ནད་ཡམས་ཁྱབ་གདལ་ཤུགས་ཆེ་འབྱུང་བཞིན་པའི་དུས་འདིར་སྙིང་སྟོབས་ཆེན་པོས་མདུན་དུ་ཐོན་ནས་ལས་དོན་སྤེལ་མཁན་ཚོར་རྗེས་སུ་ཡིད་རངས་དང་། ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་སེལ་རྒྱུར་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་བཞིན་པར་བསྔགས་བརྗོད་གནང་ཡོད་པ་རེད་ལ། ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཁ་མགྱོགས་མྱུར་མེད་པར་འགྱུར་བའི་ཐུགས་སྨོན་མཚམས་སྦྱོར་བསྩལ་གནང་མཛད་ཡོད་པ་རེད།
རྒྱ་གར་ནང་ནད་ཡམས་ཁྱབ་གདལ་བྱུང་བ་ནས་ཕྱི་ཟླ་༤བའི་ཚེས་༢༧ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་བཅུ་དྲུག་དང་དྲུག་འབུམ་སུམ་ཁྲི་ལྷག་བརྒལ་ནས་མི་གྲངས་འབུམ་གཅིག་དང་ཁྲི་དགུ་ལྷག་འདས་གྲོངས་སུ་ཕྱིན་ཡོད་ཅིང་། འདས་པའི་ཚོུད་ ༢༤་ནང་རྒྱ་གར་དབུས་གཞུང་གིས་གྲངས་འབོར་བཏོན་པ་གཞིར་བཟུང་ལྟར་ན། ཀོ་ཝིཌ་༡༩་ནད་ཡམས་གསར་དུ་ཕོག་མཁན་མི་གྲངས་ཉི་འབུམ་བཞི་ཁྲི་དགུ་བརྒྱ་བཅུ་གསུམ་(༢༤༡,༩༡༣)་བྱུང་ཞིང་། དེའི་ཁྲོད་ནས་ནད་པ་ཆིག་སྟོང་ལྔ་བརྒྱ་བཅུ་མེད་བརྒྱད་(༡༥༠༨)་འདས་གྲོངས་སུ་ཕྱིན་འདུག འོན་ཀྱང་གནད་དོན་དབྱེ་ཞིབ་པ་མང་པོས་དངོས་ཡོད་ཀྱི་གྲངས་འབོར་འདི་ལས་ཧ་ཅང་མང་བ་ཡོད་པ་ཚོད་དཔག་བྱེད་བཞིན་འདུག

གཞན་ཨ་མི་རི་ཀ་དང་། དབྱིན་ཡུལ། ཡོ་རོབ་མཐུན་ཚོགས། རྒྱ་ནག་དང་ར་ཤི་ཡ་སོགས་རྒྱལ་ཁབ་མང་པོས་རྒྱ་གར་ལ་དགོས་ངེས་ཀྱི་སྨན་དང་ནད་ཡམས་སྔོན་འགོག་གི་སྨན་ཁབ་སོགས་རོགས་རམ་བྱེད་བཞིན་པ་དང་། སིངྒ་པུར་དང་འབྲུག་ལྟ་བུ་རྒྱལ་ཁབ་ཆུང་ཁག་གིས་ཀྱང་རྒྱ་གར་ལ་ཧ་ཅང་དགོས་ངེས་ཆེ་བ་སྲོག་འཛིན་རླུང་མཁོ་སྤྲོད་བྱེད་བཞིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎