ཏཱ་ལའི་བླ་མ་ཆེས་མཐོའི་སློབ་གཉེར་ཁང་གིས་བོད་རིག༌པའི༌ཐོག་འབུམ་རམས་པའི་སློབ༌གནས༌འགོ་འཛུགས།

2020-01-10
གློག་འཕྲིན།
མཆན།
Share
པར་བཀོད།
བོད་རིག༌པའི༌ཆེད་ལས་འབུམ་རམས་པའི་ཚུད་རྒྱུགས་སྐབས། ༢༠༢༠།༡།༩
བོད་རིག༌པའི༌ཆེད་ལས་འབུམ་རམས་པའི་ཚུད་རྒྱུགས་སྐབས། ༢༠༢༠།༡།༩
The Dalai Lama Institute for Higher Education

ཏཱ་ལའི་བླ་མ་ཆེས་མཐོའི་སློབ་གཉེར་ཁང་དང་བྷེང་ལོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གཉིས་ཐུན་མོང་གིས་ལོ་རྒྱུས་རང་བཞིན་ཅན་གྱི་བོད་རིག༌པའི༌ཆེད་ལས་འབུམ་རམས་པའི་ཚུད་རྒྱུགས་གོ་སྒྲིག་ཞུས་འདུག
རྒྱ་གར་ལྷོ་ཕྱོགས་བྷེང་ལོར་(Banglore)་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཆགས་པའི་ཏཱ་ལའི་བླ་མ་ཆེས་མཐོའི་སློབ་གཉེར་ཁང་དང་བྷེང་ལོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གཉིས་ཐུན་མོང་གིས་ཕྱི་ལོ་གསར་པའི་སློབ་དུས་ནང་ལོ་རྒྱུས་རང་བཞིན་ཅན་གྱི་བོད་རིག༌པའི༌ཆེད་ལས་འབུམ་རམས་པའི་ཚུད་རྒྱུགས་གོ་སྒྲིག་ཞུས་འདུག
ཏཱ་ལའི་བླ་མ་ཆེས་མཐོའི་སློབ་གཉེར་ཁང་གིས་གསལ་བསྒྲགས་ནང་གསལ་ལྟར་ན། རྒྱལ་སྤྱིའི་ཁྱོན་ཡོངས་ལ་ངོས་འཛིན་ཡོད་པའི་བོད་རིག༌པའི༌ཐོག་འབུམ་རམས་པའི་ཕྱག་ཁྱེར་གྱི་སློབ་ཁྲིད་འགོ་འཛུགས་ཐུབ་པ་ནི། བོད་མིའི་སྤྱི་ཚོགས་ནང་གི་སློབ་གཉེར་བ་དང་། ཤེས་ཡོན་སྡེ་ཁག་ལ་དགོས་ངེས་ཅན་གྱི་གོ་སྐབས་གསར་པའི་ཤེས་ཡོན་གྱི་སྡིངས་ཆ་ཞིག་བསྐྲུན་པ་ཡིན་པ་གསུངས་འདུག
ཏཱ་ལའི་བླ་མའི་ཆེས་མཐོའི་སློབ་གཉེར་ཁང་གིས་སྣེ་ཁྲིད་གནང་པའི་ཆེས་ཐོག་མའི་འབུམ་རམས་པའི་ཚུད་རྒྱུགས༌ནང་འཛུལ༌ཞུགས༌གནང་མཁན་སློབ་མ་བརྒྱད་བྱུང་བ་དང་། དེའི་ཁྲོད་བོད་ཀྱི་ལོ༌རྒྱུས་ཐོག་འབུམ་རམས་པ༌གནང་མཁན་གསུམ་དང་། བོད་ཀྱི་སྐད་ཡིག་ཐོག་འབུམས་རམས་པ་གནང་མཁན་གཉིས། བོད་ཀྱི་རྩོམ་རིག་ཐོག་འབུམ་རམས་པ་གནང་མཁན་གཅིག ནང༌པའི༌ལྟ༌གྲུབ༌ཐོག་འབུམས་རམ་པ་གནང་མཁན་གཉིས་བཅས་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།