ཉི་ཧོང་ནང་ཆུ་ལོག་གི་གོད་ཆག་བྱུང་བར་༧གོང་ས་མཆོག་གིས་གདུང་སེམས་མཉམ་སྐྱེད།

2018-07-09
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག
O.A

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་ཆུ་ལོག་གི་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
དེ་ཡང་སྤྱི་ཚེས་༩་ཉིན་ལ་དྭགས་ནས་༧གོང་ས་མཆོག་གིས་ཉི་ཧོང་གི་སྲིད་བློན་ཤོནྫོ་ཨ་བྭེ་མཆོག་ལ་ཡུལ་དེའི་བྱང་ཕྱོགས་སུ་ཆུ་ལོག་གི་འབྱུང་བའི་གོད་ཆག་བྱུང་བར་ཐུགས་སྨོན་གསུང་འཕྲིན་བསྩལ་བའི་ནང་། ད་ལམ་འབྱུང་བའི་གོད་ཆག་བྱུང་ནས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བར་ཐུགས་ཕམ་བྱུང་བ་གང་ཉིད་ཧི་རོ་ཤེ་མ་ས་གནས་སུ་ཐེངས་མང་ཕེབས་མྱོང་པས་རྐྱེན་འདས་སུ་ཕྱིན་པའི་ནང་མིའི་ཤུལ་འཛིན་ཚོར་བཅོས་མིན་གདུང་སེམས་མཉམ་སྐྱེད་ཞུ། གཞུང་གིས་དཀའ་ངལ་ནང་ཚུད་པ་དེ་དག་ཉེན་སྐྱོབ་དང་ངལ་སེལ་རོཊ་སྐྱོར་གནང་བཞིན་པར་བསྔགས་བརྗོད་དང་ལས་དོན་ཚགས་ཚུད་ཡོང་བའི་སྨོན་འདུན་ཞུ་གི་ཡོད་ཅེས་གསུངས་གནང་འདུག
ཡང་༧གོང་ས་མཆོག་གིས། སྐུ་ཉིད་ཉི་ཧོང་ནང་ཕེབས་པའི་སྐབས་སུ་དམངས་ཁྲོད་དུ་གཞི་རིམ་གྱི་རིང་ཐང་ལྡན་པའི་བྱམས་དང་སྙིང་རྗེ་དང་། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ངང་གནས་ཡོད་པའི་ས་ཁུལ་དེར་འབྱུང་བའི་གོད་ཆག་བྱུང་བར་ཐུགས་ཕམ་བྱུང་། མཐའ་དོན་དཀའ་ངལ་ནང་ཚུད་པ་ཁྱེད་རང་ཚང་མས་ཤེས་རབ་རྙིང་པོའི་གཟུངས་བསྔགས་གང་མང་འདོན་ཐུབ་ན་ཡག་པོ་ཡོད་ཅེས་གསུངས་གནང་འདུག
ཐེངས་འདིའི་ཉི་ཧོང་ནང་གི་འབྱུང་བའི་གོད་ཆགས་ཁྲོད་ཡུལ་མི་བརྒྱ་ལྷག་རྐྱེན་ལམ་དུ་ཕྱིན་པ་མ་ཟད། མང་དག་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།