སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ལོ་བཞིའི་རྗེས་ནས་ཆིབས་ཕེབས་གནང་བ།

2022.07.15
Share on WhatsApp
Share on WhatsApp
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ལོ་བཞིའི་རྗེས་ནས་ཆིབས་ཕེབས་གནང་བ།
OHHDL

༧སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ལོ་བཞིའི་རྗེས་ཆིབས་ཕེབས་གནང་བར་ལ་དྭགས་ཤམས་སྟོད་གཞུང་གསུམ་གྱི་ཡུལ་མི་དང་། ལ་དྭགས་བསོད་ནམས་གླིང་བོད་མི། འཛམ་གླིང་ས་ཕྱོགས་འདྲ་མིན་ཕེབས་མཁན་གྱི་མི་མང་པོས་ཕེབས་བསུ་གཟབ་ཅིང་རྒྱས་པ་ཞུས་གནང་སོང་།༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་བའི་ཕོ་བྲང་ནང་ཞབས་གསོར་འཁོད་གནང་མཛད་པའི་དུས་གསར་འགོད་ལྷན་ཚོགས་དང་བཀའ་མོལ་གནང་བའི་སྐབས་མགོན་པོ་གང་ཉིད་ལ་དྭགས་ས་གནས་སུ་བསྐྱར་དུ་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་བ་དང་། ལ་དྭགས་ཡུལ་མི་ཚོས་བསམ་པ་རྣམ་དག་གིས་ངོས་ལ་དགའ་གུས་དང་མཛའ་བརྩེའི་རྣམ་འགྱུར་ཤུགས་ཆེར་བསྟན་པར། ངོས་རང་དགའ་ཚོར་དང་བློ་གཏད་ཡིད་ཆེས་འཕེར་པ་ཞིག་བྱུང་ཞེས་གསུངས་གནང་སོང་།

༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་བའི་ཕོ་བྲང་སུ་ཆོས་རྒྱུད་ཁག་གི་བླ་སྤྲུལ་ཁག་ཅིག་དང་། ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཚང་འཛོམས་སར་ད་ལན་མགོན་པོ་གང་ཉིད་ལ་དྭགས་ས་གནས་སུ་ཕེབས་པར་ཐོག་མའི་བདུན་ཕྲག་གཅིག་གི་རིང་སྐུ་ངལ་གསོ་རྒྱུ་དང་རྗེས་སུ་རིམ་པའི་མི་མང་ཚོར་སྤྱོད་འཇུག་གྱི་ལྷག་ལུས་ལེ་ཚན་༩ བ་དང་༡༠ པའི་གསུང་ཆོས་སྩོལ་རྒྱུ་དང་འབྲེལ་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་རྒྱུ་ཡིན་པ་གསུངས་གནང་སོང་།

༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་ལན་ལ་དྭགས་ས་གནས་སུ་ཕེབས་རྒྱུར་ཁྲིག་སེ་མཁན་རིན་པོ་ཆེ་གཙོས་པའི་ལ་དྭགས་ནང་པ་ཚོགས་འདུ་དང་། ལ་དྭགས་དགོན་པ་ཚོགས་འདུས་གོ་སྒྲིག་ཞུས་འདུག་པའི་འདི་དང་འབྲེལ་ལ་དྭགས་ནང་ཚོགས་དབུ་སྐྱོང་ཐུབ་བསྟན་ཚེ་དབང་ལགས་ཀྱི་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ཞབས་སོར་འཁོད་མ་ཐག་འདི་ག་རླུང་འཕྲིན་ཁང་ལ་གསུངས་དོན། སྤྱིར་ཏོག་དབྱིབས་ནད་ཡམས་དེ་ད་དུང་ཡང་མུ་མཐུད་དུ་གནས་ཡོད་དུས་འདི་ག་ས་གནས་འཛིན་སྐྱོང་ངོས་ནས་ད་ལན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་སུ་ཉིན་དང་པོའི་མཛད་འཆར་སྐབས་ཕོ་བྲང་ར་བའི་ནང་གནད་ཡོད་མི་སྣ་ཁག་ཚང་འཛོམས་གནང་སྐབས་ཏོག་དབྱིབས་ནད་ཡམས་ཡོད་མེད་ཀྱི་མགྱོགས་མྱུར་རྟག་དཔྱད་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎