དགོན་པ་གྲྭ་ཚང་ནང་བསླབ་པ་སློབ་གཉེར་ཐོག་ཤུགས་སྣོན་རྒྱག་དགོས། ༧གོང་ས་མཆོག་གིས།

2019-06-10
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2019
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2019
OHHDL

བསླབ་པ་སློབ་གཉེར་བྱེད་དགོས་པ་གལ་ཆེ་ཡིན་པ་༧གོང་ས་མཆོག་གིས་ཤེལ་དཀར་མངའ་ཞབས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་ཚོར་མཇལ་ཁའི་སྐབས་བཀའ་སྩལ་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། ཕྱི་ལོ་༢༠༡༨་ལོའི་ཤེལ་དཀར་མངའ་ཞབས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་༢༠༡༩ ཟླ་བ་༦ཚེས་༡༠ཉིན་བཞུགས་སྒར་ཕོ་བྲང་ནང་མཇལ་ཁ་སྩལ་གནང་མཛད་སྐབས། དགོན་པ་གྲྭ་ཚང་ནང་བསླབ་པ་སློབ་གཉེར་ཐོག་ཤུགས་སྣོན་རྒྱག་དགོས་པ་དེ་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་བརྟན་བཞུགས་གོ་སྒྲིག་ཚོགས་ཚུང་གི་ཚོགས་གཙོ་དགེ་བཤེས་ངག་དབང་སྐལ་བཟང་ལགས་ཀྱིས་གསུང་གནང་གི་འདུག
ཡང་ཁོང་གིས་ད་རེས་བརྟན་བཞུགས་ཀྱི་དངུལ་ལྷག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་མགོན་ཆེན་པོ་མཆོག་འགྲོ་བའི་དོན་དུ་སྐུ་ཚེ་བརྟན་སླད་གསེར་ཟངས་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་ཨིན་ཅི་དྲུག་ཅན་བརྒྱ་དང་བདུན་བཅུ་དོན་ལྔ་ཕུལ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་བ་གསུངས་གནང་གི་འདུག
བལ་ཡུལ་རྩིབ་རི་ལོ་པན་མི་འགྱུར་འགྲོ་འཕེལ་གླིང་གྲ་ཚང་གི་ལོ་པན་རིན་པོ་མཆོག་གིས། ཤེལ་དཀར་མངའ་ཞབས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུ་ཡག་འདི་བཞིན་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་དང་འབྲེལ་ནས་ཤེལ་དཀར་ཆོས་སྡེ་དང་ཤེལ་དཀར་རྫོང་ཟུང་འབྲེལ་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ལོ་རྒྱུས་ཡོད་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཕྱི་ལོ་༡༩༨༩ལོར་སྐབས་དེའི་ཤེལ་དཀར་ཆོས་སྡེའི་མཁན་པོ་ངག་དབང་ཆོས་འཕེལ་མཆོག་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་སྐབས་སྔར་བརྟན་བཞུགས་བསྟར་འབུལ་ཞུ་སྲོལ་ཡོད་པ་དེ་བཞིན་སླར་གསོ་ཡོང་བའི་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་ཐོབ་པར་༡༩༩༠་ལོར་བརྟན་བཞུགས་ཞུ་རྒྱུའི་གོ་སྐབས་སླར་གསོ་བྱུང་ཡོད་པ་གསུང་གནང་གི་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།