༧གོང་ས་མཆོག་སྐུ་གཟུགས་དྭངས་སྐྱེད་ངང་སྨན་ཁང་ནས་ཆིབས་ཐོན་གནང་འདུག

2019-04-12
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིའི་(MAX)་སྨན་ཁང་ནས་ཆིབས་ཐོན་སྐབས། ༢༠༡༩།༤།༡༢
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིའི་(MAX)་སྨན་ཁང་ནས་ཆིབས་ཐོན་སྐབས། ༢༠༡༩།༤།༡༢
RFA

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཆིབས་ཐོན་གནང་འདུག
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་དྲག་སྐྱེད་བྱུང་སྟེ་སྤྱི་ཚེས་༡༢་ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(MAX)་སྨན་ཁང་ནས་ཆིབས་ཐོན་གནང་སྟེ་(Sheraton)་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་ངང་སྒུག་བྱས་ཡོད་པའི་གསར་འགོད་པ་ཚོར་ཁོང་གི་སྐུ་གཟུགས་ཧ་ལམ་སྔར་རྒྱུན་ལྟར་དྭངས་སྐྱེད་སུ་ཕེབས་ཡོད་པ་བཀའ་གནང་ཡོད་པ་རེད།
ད་དུང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་༧སྐུའི་སྙུན་གཞི་བྱུང་བའི་གནས་ཚུལ་ཐོན་རྗེས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་༧སྐུའི་གསང་གསུམ་གྱི་འགལ་རྐྱེན་གྱི་མཚན་མ་མཐའ་དག་ཞི་ནས་༧སྐུ་ཁམས་མྱུར་དུ་གསལ་དྭངས་ཡོང་བའི་ཞབས་རིམ་སྨིན་སྒྲུབ་རྒྱ་ཆེ་ཞུས་ཡོད་ཅིང་། དེར༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སྦྱོར་གྱི་ལས་དེ་དག་གིས་ཏན་ཏན་ཕན་ཐོགས་བྱུང་ཡོད་པས་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད།
འབྲེལ་ཡོད་ཁག་གིས་གསུངས་པར་གཞིགས་ན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(Sheraton)་གསོལ་མགྲོན་ཁང་དུ་ཉིན་ཤས་རིང་སྐུ་ངལ་གསོ་གནང་རྒྱུ་ཡིན་པ་རེད།  

མཆན། (0)
Share
དྲ་གནས་ཆ་ཚང༌།