༧གོང་ས་མཆོག་གིས་ཁ་ཆེ་བ་ཚང་མ་འཇིཊ་སྐུལ་བ་མིན་གསུངས་འདུག

2016-06-14
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ཨ་མི་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོར་མང་ཚོགས་ལ་གསུངས་བཤད་གནང་བཞིན་པ། ༢༠༡༦།༦།༡༣
༧གོང་ས་མཆོག་གིས་ཨ་མི་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོར་མང་ཚོགས་ལ་གསུངས་བཤད་གནང་བཞིན་པ། ༢༠༡༦།༦།༡༣
Lhuboom/RFA

༧གོང་ས་མཆོག་གིས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་གནང་སྲིད་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཆེའི་ཆོས་བྱེད་པ་ཚང་མ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པའི་ལྟ་ཚུལ་འཛིན་ན་མི་འགྲིགས་པ་རེད་ཅེས་བཀའ་གནང་འདུག
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འདི་ཚེས་༡༣་ཉིན་རིའུ་ཀྲར་གསར་འགྱུར་ལས་ཁང་གིས། ཨ་རིའི་Florida་མངའ་སྡེའི་གྲོང་ཁྱེར་Orlando་ནང་གཟའ་ཉི་མའི་མཚན་མོར། ཞབས་བྲོ་རྒྱབ་ཡུལ་མཚན་ཚོགས་ཁང་ཞིག་ཏུ་ཨཕ་གྷ་ནི་སི་ཐན་གྱི་མི་རིགས་ཡིན་པའི་བུ་ཞིག་གིས་མེ་མདས་སྡེབས་གསོད་བྱས་པའི་འོག་མི་གྲངས་ལྔ་བཅུ་ལྷག་ཙམ་གྱི་སྲོག་ཤོར་བ་དང་། མི་མང་པོ་ཞིག་ལ་རྨས་སྐྱོན་བཏང་ཡོད་པའི་དོན་རྐྱེན་དེའི་སྐོར་དགོངས་ཚུལ་བཀའ་འདྲི་ཞུས་པའི་སྐབས། ༧གོང་ས་མཆོག་གིས། གནས་ཚུལ་འདི་ཧ་ཅང་ཐབས་སྡུག་དང་ཡིད་སྐྱོ་དགོས་པ་ཞིག་རེད། ཡིན་ནའང་ཁ་ཆེའི་ཆོས་བྱེད་པ་རེ་ཟུང་གིས་བྱ་སྤྱོད་སྤེལ་བ་དེས་རྐྱེན་པས་ཁ་ཆེ་བ་ཚང་མའི་ནོར་འཁྲུལ་ཡིན་པའི་རྣམ་འགྱུར་བསྟན་པ་ཡིན་པ་ཡིན་ན་མི་འགྲིགས་པ་རེད་ཅེས་གསུངས་འདུག
ཡང་གོང་ཞུས་གསར་འགོད་པས་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་Donald Trump་གྱིས་དོན་རྐྱེན་བྱུང་བའི་རྗེས་སུ། ཨ་མི་རི་ཀའི་ནང་ཁ་ཆེ་བ་ཚོ་ཡོང་བཅུག་རྒྱུ་མེད་ལུགས་གསུངས་པའི་གནད་དོན་ཐོག་དགོངས་ཚུལ་བཀའ་འདྲི་ཞུ་དུས། ༧གོང་ས་མཆོག་གིས། རྩ་བའི་དགོངས་ཚུལ་གང་གསུངས་ཡང་དེ་ཁོང་གི་འདོད་ཚུལ་རེད། ཡིན་ནའང་གལ་སྲིད་གོ་སྐབས་བྱུང་ན། ཁོང་ལ་དེ་འདྲ་གསུངས་དགོས་པའི་རྒྱུ་མཚན་ཞིབ་ཕྲ་གང་ཡོད་དམ་ཞེས་བཅར་འདྲི་གནང་འདོད་ཡོད་ཅེས་གསུངས་གནང་འདུག དེ་དང་ཕྱོགས་མཚུངས་གསར་འགོད་པས་ཨ་མི་རི་ཀར་མ་འོངས་སྲིད་འཛིན་དུ་བུད་མེད་ཀྱི་དབུ་འཁྲིད་ཅིག་འདེམས་ཐོན་བྱུང་བ་ཡིན་ན་ཞེས་ཞུས་པའི་སྐབས་སུ། དེ་ནི་རྒྱལ་ཁབ་འདིའི་མང་ཚོགས་ཀྱི་འདོད་པ་གཞིར་བཟུང་འདེམས་ཐོན་བྱེད་དགོས་ཀྱི་རེད། ཡིན་ནའང་དེ་སྔ་རྒྱལ་སྤྱིའི་ཐོག་བེུད་མེད་ཀྱི་དབུ་ཁྲིད་འགའ་ཤས་ཧ་ཅང་གི་ནུས་པ་ཐོན་པོ་བྱུང་ཡོད་རེད་ཅེས་རྒྱ་གར་གྱི་སྲིད་བློན་ལྕམ་ Indra Gandhi་དང་། དབྱིན་ཡུལ་གྱི་སྲིད་བློན་ལྕམ་Margaret Thatcher་ད་ལྟའི་འཇར་མན་གྱི་དབུ་ཁྲིད་ལྕམ་Angela Merkel་སོགས་ཀྱི་མཚན་ལུང་འདྲེན་གནང་ཡོད་པ་རེད།
ཡང་༧གོང་ས་མཆོག་ལ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་མིན་སྐོར་ཞུས་པའི་སྐབས། ད་ལྟའི་ཆར་དམིགས་བསལ་ཐུགས་གཏན་འཁེལ་བ་མེད་ཀྱང་། ཕལ་ཆེར་གནང་སྲིད་པ་རེད་ཅེས་བཀའ་གནང་འདུག།   

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།