༧གོང་ས་མཆོག་གིས་རྒྱལ་ཁབ་ཁག་ལྔ་བཞི་ཙམ་གྱི་དད་ལྡན་པར་བཀའ་སློབ་གནང་འདུག

2018-03-05
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་རྒྱལ་ཁབ་ཁག་ལྔ་བཞི་ཙམ་གྱི་དད་ལྡན་པ་ཚོར་བཀའ་སློབ་གནང་སྐབས། ༢༠༡༨།༣།༥
༧གོང་ས་མཆོག་གིས་རྒྱལ་ཁབ་ཁག་ལྔ་བཞི་ཙམ་གྱི་དད་ལྡན་པ་ཚོར་བཀའ་སློབ་གནང་སྐབས། ༢༠༡༨།༣།༥
OHHDL

ད་སྐབས་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་རྩར་བསམ་བློ་གཏོང་དགོས་པ་ལས་ངའི་རྒྱལ་ཁབ་དང་ངའི་ཆོས་ལུཊ་ཞེས་པ་དེ་བསམ་བློ་རྙིང་པ་རེད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཟའ་ཟླ་བའི་ཉིན། ད་ལྟའི་དུས་སྐབས་འདིར་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་རྩར་བསམ་བློ་གཏོང་དགོས་པའི་དུས་ཤིག་ཡིན་པ་འཛམ་གླིང་ཡུལ་གྲུ་གང་ས་ནས་འབྱོར་བའི་དད་ལྡན་པ་རྣམས་ལ་བཀའ་སློབ་གནང་འདུག
དེ་ཡང་༧གོང་ས་མཆོག་གིས་འདི་ཚེས་༥་ཉིན། ད་ལྟའི་དུས་འདིར་ང་ཚོས་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་རྩར་བསམ་བློ་གཏོང་དགོས་བ་ལས་ངའི་རྒྱལ་ཁབ། ངའི་ཆོས་ལུགས་ཞེས་པ་ནི་བསམ་བློ་རྙིང་པ་རེད་ཅེས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཛམ་གླིང་གི་རྒྱལ་ཁབ་ཁག་༥༤ནས་འབྱོར་བའི་དད་ལྡན་པ་༦༠༠བརྒལ་བར་བཀའ་སློབ་བསྩལ་སྐབས་གསུང་ཡོད་ཅིང་། ཡང་གོང་ས་མཆོག་གིས། ཉིན་ཤས་སྔོན་གསུང་ཆོས་སྐབས་ཕྱི་རྒྱལ་བ་མང་པོ་ཡོད་པ་དང་། ད་ལྟ་གང་ཉིད་དགུང་ལོ་༨༣ ཡིན་པས་རྒྱལ་ཁབ་གཞན་དུ་གནམ་གྲུའི་ནང་ཆུ་ཚོད་མང་པོའི་རིང་ཕེབས་རྒྱུར་དཀའ་ངལ་ཡོད་སྟབས། ཆེད་དུ་རྡ་རམ་ས་ལར་འབྱོར་བའི་ཕྱི་རྒྱལ་བ་རྣམས་ལ་འཚམས་འདྲི་དང་བཀའ་སློབ་གནང་རྒྱུ་ནི་གང་ཉིད་ཀྱི་ཐུགས་འགན་ཡིན་ཞེས་དང་། མི་རྣམས་ཀྱི་དྲི་བར་བཀའ་ལན་གནང་སྐབས་སྔོན་མ་འགོ་ཁྲིད་ཚོས་དམག་དཔུང་དྲངས་ནས་དགྲ་ཕམ་ཉེས་གཏོང་ཐུབ་ན། རྒྱལ་ཁ་ཐོབ་པར་ངོས་འཛིན་བྱས་ཡོད། དེ་ནི་བསམ་བློ་རྙིང་པ་རེད། དངོས་ཡོད་གནས་སྟངས་ལ་འགྱུར་བ་ཕྱིན་ཡོད།
དེ་བས་ཐབས་ལམ་རྙིང་བའི་རིགས་ལག་བསྟར་བྱས་ན་ཕན་ཐོགས་མེད། བྱམས་སྙིང་རྗེ་དར་སྤེལ་དང་འགལ་ཟླ་ཐ་དག་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཡོང་ཐབས་བྱ་རྒྱུ་ནི་ཡག་ཤོས་ཡིན་ཞེས་བཀའ་སློབ་གནང་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།