ཡོ་རོབ་གྲོས་ཚོགས་འཐུས་མིའི་ལས་བྱེད་པས་རྡ་སར་གཟིགས་སྐོར།


2017.05.22
༧གོང་ས་མཆོག་གིས་རྡ་སར་གཟིགས་སྐོར་དུ་ཕེབས་པའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་ལས་བྱེད་པ་ཚོར་མཇལ་ཁ་བསྩལ་སྐབས། ༢༠༡༧།༥།༢༡ ༧གོང་ས་མཆོག་གིས་རྡ་སར་གཟིགས་སྐོར་དུ་ཕེབས་པའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་ལས་བྱེད་པ་ཚོར་མཇལ་ཁ་བསྩལ་སྐབས། ༢༠༡༧།༥།༢༡
DIIR/Phende

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱི་ལས་ཁུངས་ཁག་ནང་ཕྱག་རོགས་ཞུ་མཁན་བོད་དོན་རྒྱབ་སྐྱོར་འཐུས་མི་བདུན་ལ་མཇལ་ཁ་བསྩལ་འདུག
དེ་ཡང་ཕྱི་ཚེས་༢༡་ཉིན་གོང་ཞུས་འཐུས་མི་རྣམས་བཞུགས་སྒར་དུ་ཕེབས་སྐབས་གྷ་གལ་གནམ་ཐང་དུ་༧གོང་ས་མཆོག་མཇལ་ཁ་ཞུས་གནང་ཡོད་པ་དང་། ཁོང་རྣམས་ནི་ཡོ་རོབ་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ། ཡོ་རོབ་མི་མང་ཚོགས་པ། སྤྱི་ཚོགས་རིང་ལུགས་དང་མང་གཙོའི་རིང་ལུགས་ཀྱི་ཡར་ཐོན་མནའ་འབྲེལ་ཚོགས་པ། ཡོ་རོབ་རྙིང་ཞེན་དང་གསར་བརྗེ་ཚོགས་པ། ཡོ་རོབ་གུ་ཡངས་མང་གཙོ་མནའ་འབྲེལ་ཚོགས་པ། ལྗང་ཁུ་ཚོགས་པ་དང་།  ཡོ་རོབ་རང་དབང་དང་ཐད་བསྐོས་མང་གཙོ་ཚོགས་པ་བཅས་ཡོད་ཅིང་། ལྗང་ཁུ་ཚོགས་པའི་འཐུས་མི་ལྕམ་Molly Scott Cato་ཡི་ཕྱག་རོགས་ལྕམ་Harriet Calyton་ཡིས་བོད་ཀྱི་བརྙན་འཕྲིན་བརྒྱུད་ལམ་ནང་། ཐོག་མར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཏེ་སྐལ་བ་བཟང་པོའི་སྒོ་ནས་གཟིགས་སྐོར་འགོ་བཙུགས་གནང་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། ང་ཚོའི་མཉམ་དུ་བཅར་བའི་འཐུས་མི་ཁག་ཅིག་དེ་སྔོན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་མྱོང་ཡོད།
ཡིན་ན་ཡང་ད་ཐེངས་ང་ཚོ་ཚང་མས་༧གོང་ས་མཆོག་མཇལ་ཐུབ་པས་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་། ༧གོང་ས་མཆོག་གིས་གནང་བའི་རེ་བ་དང་། ཞི་བདེའི་བཀའ་སློབ་དེ་ཚོས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་སོང་ཞེས་གསུངས་འདུག
དེ་བཞིན་སྤྱི་ཚོགས་རིང་ལུགས་དང་མང་གཙོ་རིང་ལུགས་ཡར་ཐོན་མནའ་འབྲེལ་ཚོགས་པའི་འཐུས་མི་སྐུ་ཞབས་Pier Antonio Panzeri ཡི་ཕྱག་རོགས་སྐུ་ཞབས་Francesco Giorgi ཡིས། ཡོ་རོབ་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ལ་རྒྱུན་དུ་རྒྱབ་སྐྱོིར་གནང་བཞིན་ཡོད་པ་དང་། ང་ཚོ་འདིར་བཅར་ནས་བོད་མི་ཚོའི་གནས་སྟངས་རྒྱུས་ལོན་ཞུ་ཆེད་ཙམ་དུ་མ་ཡིན་པར་བོད་དོན་ལ་རྒྱབ་སྐྱོར་ཆེད་དུ་ཡིན་པ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོ་མ་འོངས་ཡག་པོ་ཞིག་ཡོང་པའི་རེ་བ་ཡོད་ཅེས་གསུངས་འདུག
སྐུ་ཚབ་རྣམ་པས་ཕྱི་དྲིལ་ལྷན་ཁང་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། ཤེས་རབ་དགའ་ཚལ་སློབ་གླིང་། བོད་ཀྱི་སྨན་རྩིས་ཁང་། བོད་ཀྱི་འགྲེམས་སྟོན་ཁང་དང་རྡ་ས་བོད་ཁྱིམ་སློབ་གྲྭ་དང་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་ཚོགས་པ་ཁག་བཅས་ལ་འཚམས་གཟིགས་ཕེབས་འཆར་ཡོད་པ་དང་། ཁོང་རྣམ་པ་ཕྱི་ཚེས་༢༦་བར་དུ་བཞུགས་སྒར་དུ་བཞུགས་རྒྱུ་ཡིན་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཉག་ཆུ་རྫོང་གི་རི་ངོས་སུ་སླར་ཡང་མེ་སྐྱོན་ཤུགས་ཆེན་ཤོར་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎