སོག་ཡུལ་ནང་གི་ཞི་བདེའི་ཆེད་ཨེ་ཤེ་ཡའི་ནང་པའི་ལྷན་ཚོགས་ཐོག་༧གོང་ས་མཆོག་གིས་འཚམས་འཕྲིན་སྩལ།


2019.06.21
སོག་ཡུལ་ནང་ཞི་བདེའི་ཆེད་ཨེ་ཤེ་ཡའི་ནང་པའི་ལྷན་ཚོགས་ཐེངས་༡༡་པ། ༢༠༡༩།༦།༢༡ སོག་ཡུལ་ནང་ཞི་བདེའི་ཆེད་ཨེ་ཤེ་ཡའི་ནང་པའི་ལྷན་ཚོགས་ཐེངས་༡༡་པ། ༢༠༡༩།༦།༢༡
president.mn

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་ནང་ཚོགས་བཞིན་པའི་ཞི་བདེའི་ཆེད་ཨེ་ཤེ་ཡའི་ནང་པའི་ལྷན་ཚོགས་ཐེངས་༡༡་པར་འཚམས་འཕྲིན་བསྩལ་བའི་ནང་ནང་པའི་ལྟ་གྲུབ་ལ་སློབ་གཉེར་བྱ་གལ་ཆེ་བ་བཀའ་ཕེབས་འདུག
བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༦ ཚེས་ ༢༡ ཉིན། སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཏར་(Ulaanbaatar)ནང་ཚོགས་བཞིན་པའི་ཞི་བདེའི་ཆེད་ཨེ་ཤེ་ཡའི་ནང་པའི་ལྷན་ཚོགས་ཐེངས་ ༡༡ པར་བཅར་བའི་ཚོགས་མི་ཡོངས་ལ་འཚམས་འདྲི་སྩལ་ཞིང་། འདི་ལྟ་བུའི་ཚོགས་འདུ་བསྐོང་ཚོགས་ཐུབ་པར་ཐུགས་ཡིད་རངས་ཀྱི་བསྔགས་བརྗོད་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་དང་བོད་དབར་ནང་ཆོས་རིག་གཞུང་གི་འབྲེལ་བ་སྤྱི་དང་ལྷག་པར་དུ་༧རྒྱལ་མཆོག་༧སྐུ་ཕྲེང་གསུམ་པ་ནས་བཟུང་༧རྒྱལ་དབང་༧སྐུ་ཕྲེང་རིམ་བྱོན་དང་སོག་ཡུལ་དབར་ཐོུང་མ་ཡིན་པའི་འབྲེལ་ལམ་སྐོར་ངོ་སྤྲོད་གནང་པ་དང་སྦྲགས།  སོག་ཡུལ་ནང་བསྟན་པའི་མེ་རོ་སླར་གསོ་བྱེད་པའི་བརྒྱུད་རིམ་འདིའི་ནང་རྒྱུན་དུ་སོག་པོ་ཚོས་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་ངེས་པར་དུ་སློབ་སྤྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་སོག་ཡུལ་ནས་སློབ་གཉེར་དུ་ཕེབས་མཁན་ཁོངས་ནས་མཁས་པའི་དབང་པོ་ཧ་ཅང་གི་མང་པོ་བྱུང་སྟེ་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་ཆེན་པོ་ཞུས་ཡོད་པ་སོགས་གསལ་བཤད་གནང་ཡོད་པ་རེད
ད་རེས་ཀྱི་ཚོགས་འདུའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ལ་གདན་ཞུ་ཕུལ་ཡོད་འདུག་ཀྱང་། རྒྱ་ནག་གིས་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་ཕེབས་ཐུབ་མེད་པ་ཆོས་རིགས་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསལ་བཤད་གནང་ཞིང་།  སོག་པོའི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ངོས་ནས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་ཚོར་གཟིགས་སྟངས་ལེགས་པོ་ཡོད་ལུགས་འགྲེལ་བརྗོད་གནང་འདུག་
ཞི་བདེའི་ཆེད་ཨེ་ཤེ་ཡའི་ནང་པའི་ལྷན་ཚོགས་ཐེངས་ ༡༡ པ་འདི་བཞིན་སོག་ཡུལ་གྱི་རྒྱལ་སའི་ནང་ཕྱི་ཟླ་ ༦ ཚེས་ ༢༡ ནས་ ༢༤ བར་ཚོགས་རྒྱུ་ཡིན་འདུག་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མཉམ་ཞུགས་བྱེད་ཐུབ་པ་མེད་ཀྱང་། བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང། བོན། ཇོ་ནང་བཅས་ཀྱི་ཁྱོན་སྐུབ་ཚབ་༡༧ ཙམ་ཚོགས་བཅར་ཞུས་འདུག་ལ། ། ཁྱོན་རྒྱལ་ཁབ་འདྲ་མིན་༡༢ནས་ཚོགས་བཅར་བ་ཕེབས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎