༧གོང་ས་མཆོག་སྟེ་ཚན་རིག་པ་ཞེས་བའི་གློག་བརྙན་བཟོ་བསྐྲུན།

2019-08-01
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་བྱམས་བརྩེ་དང་འཕྲུལ་རིག་ཐད་བཀའ་སློབ་གནང་སྐབས། ༢༠༡༨།༩།༡༧
༧གོང་ས་མཆོག་གིས་བྱམས་བརྩེ་དང་འཕྲུལ་རིག་ཐད་བཀའ་སློབ་གནང་སྐབས། ༢༠༡༨།༩།༡༧
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཆེད་༧གོང་ས་མཆོག་སྟེ་ཚན་རིག་པ་ཞེས་པའི་གློག་བརྙན་ཞིག་བཟོ་བསྐྲུན་གནང་འདུག
ཡོ་རོབ་ཨེ་ཊ་ལིའི་བྱང་ཕྱོགས་སུ་ཆགས་པའི་(Venice)་ཟེར་བའི་གྲོང་ཁྱེར་ནང་“ཝི་ན་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༧༦་པ་དེ་བཞིན་སྤྱི་ཟླ་༨་པའི་སྤྱི་ཚེས་༣༡་ཉིན། གྲོང་ཁྱེར་དེའི་ནང་འགོ་འཛུགས་གནང་རྒྱུ་ཡིན་པ་གཏན་འཁེལ་བྱུང་འདུག་ཅིང་། སྐབས་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཆེད་“༧གོང་ས་མཆོག་སྟེ་ཚན་རིག་པ་”(The Dalai Lama-Scientist) ཞེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་རྒྱ་ཆེ་མི་མང་ཚོར་གཟིགས་འབུལ་གནང་གཏན་འཁེལ་ཡོད་པའི་ཁར། གློག་བརྙན་དེའི་ནང་༧གོང་ས་མཆོག་དང་འབྲེལ་བའི་དེ་སྔ་མཐོང་དཀའ་བའི་བརྙན་པར་ཁག་ཅིག་ཀྱང་ཡོད་འདུག
དེ་ཡང་སྤྱི་ཟླ་༨ ་པའི་སྤྱི་ཚེས་༡་ཉིན་བཞུགས་སྒར་རུ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཝི་ན་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་འབྲེལ་བའི་གསལ་བསྒྲགས་ཡིག་ཆ་ཞིག་འདོན་སྤེལ་གནང་ཡོད་པའི་ཁར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གྱི་སྐར་ཆ་༩༠་ཅན་གྱི་སྔོན་འགྲོའི་གསལ་བསྒྲགས་བརྙན་ཐུང་ཤིག་ཀྱང་འགྲེམ་སྤེལ་གནང་ཡོད་པ་དེའི་ནང་། དང་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ལོ་རྒྱུས་སྐོར་ལ་སྐར་ཆ་༢༥་ཙམ་འགྲེལ་བརྗོད་གནང་འདུག་ཅིང་། ༧གོང་ས་མཆོག་སྟེ་ཚན་རིག་པ་ཞེས་འགྲེལ་བརྗོད་གནང་ཏེ་མགོན་པོ་གང་ཉིད་མཆོག་ནས་ཚན་རིག་དང་།  འཕྲུལ་རིག་དར་ཁྱབ་ཅན་གྱི་འཛམ་གླིང་འདིའི་ནང་སྐུ་སྒེར་གྱི་མི་ཚེའི་ལམ་བུ་དང་འཛམ་གླིང་དེ་བཞིན་འགྱུར་བ་ཇི་ལྟར་ཐེབས་ཡོད་པའི་སྐོར་བཀའ་ཕེབས་པ་འགྲེལ་བརྗོད་གནང་བ་དང་སྦྲགས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དུམ་བུ་ཞིག་ཀྱང་བཞག་འདུག་ཅིང་། མགོན་པོ་གང་ཉིད་མཆོག་ནས་མཐར་ཐུག་དེར་ཚན་རིག་དང་མཐུན་པའི་ཉམས་ཞིབ་ཀྱིས་འགྲོ་བ་མིར་ཕན་ཐོགས་བསྐྲུན་ཐུབ་པ་ཞིག་ངེས་པར་དུ་དགོས་ཞེས་བཀའ་ཕེབས་འདུག རྒྱུན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྟོན་པ་བཅོམ་ལྡན་ནི་ལོ་༢༥༠༠གོང་གི་རྒྱ་གར་གྱི་ཚན་རིག་པ་ཞིག་ཡིན་པའི་བཀའ་སློབ་སྕལ་གནང་མཛད་ཀྱི་ཡོད་པ་ལྟར། བརྙན་ཐུང་དེའི་མཐའ་མཇུག་ཏུ་ཡང་མགོན་པོ་གང་ཉིད་མཆོག་ནས་སངས་རྒྱས་བཅོམ་ལྡན་འདས་གྱི་གསུང་དུམ་བུ་ཞིག་ལུང་འདྲེན་གནང་ཏེ་བཀའ་སློབ་ཕེབས་དོན་དུ། སངས་རྒྱས་བཅོམ་ལྡན་འདས་མཆོག་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟགས་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས་གསུངས་ཡོད་པ་བཀའ་ཕེབས་འདུག
གློག་བརྙན་འདི་ནི་རྒྱལ་སྤྱིའི་ནང་བུད་མེད་ཁྲོད་གློག་བརྙན་བཟོ་བསྐྲུན་ཐོག་གཟེངས་རྟགས་ཐོབ་མྱོང་མཁན་(Dawn Gifford)་ལགས་ཀྱིས་བྲིས་གནང་ཏེ་ངེས་སྟོན་པ་གནང་པའི་ཐོག་རྒྱལ་སྤྱིའི་ཚོགས་པ་ཞིག་གི་བཟོ་བསྐྲུན་གནང་འདུག་ཅིང་། ཁོང་མོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཚན་རིག་བར་གྱི་ཡིད་དུ་འོང་བའི་ལོ་རྒྱུས་འདི་ནི་དེ་སྔ་མཐོང་མྱོང་མེད་པའི་གློག་བརྙན་ཞིག་རེད་ཅེས་བརྗོད་འདུག ད་དུང་གློག་བརྙན་དེའི་ནང་འཛམ་གླིང་སྟེང་གི་སྙན་གྲགས་ཆེ་བའི་ཚན་རིག་པ་(Davit Bohm)་ལགས་དང་། Richard Davidson, Francisco Varela, Michael Meany, Eric Lander, Yuan T. དེ་བཞིན་(Paul Ekman)་སོགས་ཚན་རིག་པ་བཅུ་ལྷག་གི་ཁྱད་ཆོས་དང་འགྲེལ་བརྗོད་བཅས་གསལ་སྟོན་གནང་འདུག
ཝི་ནེ་སིར་གློག་བརྙན་དུས་སྟོན་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཆེད། དེ་སྔ་སྤྱི་ལོ་༡༩༧༦་ལོར་ནོ་བེལ་ཞི་བདེའི་གཟེངས་ཐོབ་མྱོང་མཁན་ལྕམ་(Betty Williams)་ལགས་ཆེད་ཕེབས་གནང་རྒྱུ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།