༧གོང་ས་མཆོག་རྒྱ་གར་མུམ་བྷེ་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་འདུག


2017.12.07
བོད་ཀྱི་དབུ་ཁྲིད༧གོང་ས་མཆོག་རྒྱ་གར་མུམ་བྷེ་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༧།༡༢།༧ བོད་ཀྱི་དབུ་ཁྲིད༧གོང་ས་མཆོག་རྒྱ་གར་མུམ་བྷེ་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༧།༡༢།༧
Bod.Asia

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཆར་འདྲ་མིན་ཆེད་མུམ་བྷེ་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་འདུག
དེ་ཡང་ཕྱི་ཚེས་ ༧ ་ཉིན་གྱི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་(Chandigarh)་བརྒྱུད་རྒྱ་གར་ནུབ་ཕྱོགས་གྲོང་ཁྱེར་མུམ་བྷེ་Mumbai་ལ་ཆིབས་སྒྱུར་བསྐྱོངས་གནང་མཛད་འདུག
རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མུམ་བྷེ་(Mumbai)་དུ་རྟེན་གཞི་བྱས་པའི་( Somaiya Vidyavihar)་ཞེས་པའི་ལྟེ་གནས་ཁང་གི་(K.J. Somaiya Campus)་ཚོགས་ཁང་དུ་ཕྱི་ཚེས་ ༨་དང་༩་བཅས་ཉིན་གཉིས་རིང་གསུང་ཆོས་བཀའ་དྲིན་ཆེ་གནང་མཛད་རྒྱུ་ཡིན་པ་དང་། གསུང་ཆོས་གོ་སྒྲིག་ཞུ་མཁན་(Somaiya Vidyavihar)་དང་( Vidyaloke)་ཞེས་པའི་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ཡིན་པ་རེད།
ཕྱི་ཚེས་ ༡༠་སྔ་དྲོ་སོ་མ་ཡ་མཐོ་སློབ་ཏུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གནའ་རབས་ཀྱི་ལེགས་གཤད་བསྐྱར་གསོའི་སྐོར་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་ཀྱི་འདུག་ལ། དེ་རྗེས་ཕྱི་ཚེས་ ༡༡་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱང་སྟེ་ཕྱི་ཚེས་ ༡༧་བར་ཆོས་འབྲེལ་བཀྲིན་ཆེ་གནང་
མཛད་ཀྱི་འདུག
དེ་ནས་མུ་མཐུད་དུ་ཕྱི་ཚེས་ ༡༢ ་དང་ ༡༣ ་བཅས་ཉིན་གཉིས་རིང་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་དགེ་འདུན་པར་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་མཛད་རྒྱུ་དང་། ཕྱི་ཚེས་ ༡༤་ཉིན་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་དང་ཚན་རིག་ལྟེ་གནས་ཁང་དབུ་འབྱེད་མཛད་རྒྱུ་ཡིན་པ་རེད།
ཕྱི་ཚེས་ ༡༥་ཉིན་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་ཆོས་རྭ་གསར་པ་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱང་གཏན་འཁེལ་བ་དང་། ཕྱི་ཚེས་ ༡༦ ་དང་ ༡༧ ་བཅས་ཉིན་གཉིས་རིང་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱིར་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་མཛད་རྒྱུ་ཡིན་པ་རེད།
ཕྱི་ཚེས་ ༡༨ ་ཉིན་མོན་གྷོ་གཞིས་ཆགས་ནས་གྲོང་ཁྱེར་(Hubli)་བརྒྱུད་སྦེལ་ལ་ཀོ་པི་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་གནང་བའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིིང་དུ་ཆིབས་སྒྱུར་བསྐྱང་ནས་དགེ་འདུན་ཞལ་གྲངས་ ༦༠་ཙམ་ལ་ཉིན་གཅིག་རིང་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་གི་མཛད་འཆར་འདུག
ཕྱི་ཚེས་ ༢༠ ་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྟ་མགྲིན་ཡང་གསང་གི་བཀའ་དབང་བཀའ་དྲིན་ཆེ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༢༡ ་ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་གསར་བཞེངས་ལེགས་གྲུབ་བྱུང་བའི་ཆོས་རྭའི་དབུ་འབྱེད་དང་སྦྲགས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་
རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྒྲུབ་བསྟུན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་ (Bengaluru)་ནང་དུ་མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་ཁག་ཅིག་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎