གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཕྱག་དེབ་གསར་པ།


2020.08.07
གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཕྱག་དེབ་གསར་པ། གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཕྱག་དེབ་གསར་པ།
Bloomsbury

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དང་། ཁོར་ཡུག་སྲུང་སྐྱོབ་ལ་བཅངས་གནང་མཛད་པའི་ཐུགས་རེ་དང་འབོད་སྐུལ་གནང་པའི་ང་ཚོའི་ཁྱིམ་ཚང་གཅིག་ཁོ་ན་ཞེས་པའི་ཕྱག་དེབ་ཞིག་དབྱིན་ཡིག་ནང་འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༢ ཉིན་དབྱིན་ཇིའི་རྒྱལ་ལ་ལོན་ཌོན་དུ་ཡོད་པའི་Bloomsburyདཔེ་སྐྲུན་ཁང་གིས་པར་སྐྲུན་གནང་རྒྱུ་ཡིན་འདུག

ཕྱག་དེབ་དེའི་ནང་དོན་གཙོ་བོ་ནི་།་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་སྲིད་དོན་དབང་འཛིན་པ་ཚོར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་དང་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པའི་རེ་འབོད་གནང་བ་བརྒྱུད་འཛམ་གླིང་གི་འགྲོ་བ་མི་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་རང་ནུས་འདོན་སྤེལ་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་པར་སྐྲུན་ཁང་དེས་འགྲེལ་བརྗོད་བྱས་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་ཡོངས་སུ་གྲགས་པ་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པོ་རྣམ་པའི་ཁོངས་ནས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐད་ཐུགས་འཁུར་ཆེ་ཤོས་གྲས་སུ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟག་ཏུ་ཇི་ཙམ་གྱིས་འགྲོ་བ་མི་རྣམས་ཀྱི་བརྒྱུད་ལ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ལྡན་པ་དང་། ཇི་ཙམ་གྱིས་གཞན་ཕན་གྱི་བསམ་བློ་འཕེལ་རྒྱས་འབྱུང་བ་དེ་ཚོད་ཀྱིས་གོ་ལའི་ཁོར་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་བྱ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་པ་བཀའ་སློབ་ཕེབས་ཀྱི་ཡོད་པ་རེད།

ཁོར་ཡུག་སྲུང་སྐྱོབ་ནི་འགག་རྩའི་གནད་དོན་ཞིག་ཡིན་པའི་བརྗོད་དོན་འཁོད་པའི་ཕྱག་དེབ་འདི་ནི་ ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཇར་མ་ནིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གསར་འགོད་པ་སྐུ་ཞབས་Franz Alt ཞུ་བ་བཟུང་འབྲེལ་གྱིས་འབྲི་རྩོམ་གནང་བ་ཞིག་ཡིན་འདུག་ཅིང་། ཕྱག་དེབ་གསར་པ་དེ་ཡོ་རོབ་རྒྱལ་ཁབ་ཁག་གི་ནང་པར་སྐྲུན་གནང་མཁན་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་གྱི་Bloomsbury Sigmaདཔེ་དེབ་པར་སྐྲུན་ཁང་དང།་ཨ་མི་རི་ཀ་དང་ཁེ་ན་ཊ་བཅས་བྱང་ཨ་རིའི་ཁུལ་དུ་འཛམ་གླིང་ཐོག་དཔེ་དེབ་པར་སྐྲུན་གནང་མཁན་གྱི་དཔེ་སྐྲུན་ཁང་ཆེ་ཤོས་གྲས་དང་དབྱིན་ཡིག་གི་དཔེ་དེབ་པར་སྐྲུན་གནང་མཁན་ཆེ་ཤོས་ལྔའི་ནང་གཅིག་ཡིན་པ་Harper Collinsཞེས་པས་པར་དཔར་སྐྲུན་གནང་གི་ཡོད་པ་རེད་།

ཕྱག་དེབ་དེའི་པར་སྐྲུན་བདག་དབང་གི་ཐད་ལ་གོང་གསལ་པར་སྐྲུན་ཁང་གཉིས་ཕན་ཚུན་གོང་ཚད་རིམ་སྤར་གྱི་ཚོང་སྒྱུར་ཐག་གཅོད་གནང་རྒྱུའི་ཐོག་མའི་འཆར་གཞི་གནང་ཡང་། པར་སྐྲུན་ཁང་གཉིས་པོས་རྩོམ་པ་པོའི་དགོངས་པ་དང་མཐུན་པའི་ཐོག་ནས་པར་སྐྲུན་གྱི་བདག་དབང་མཉམ་སྤྱོད་གནང་རྒྱུའི་མོས་མཐུན་བྱུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎