འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ནང་པ་ཚོར་དམིགས་བསལ་གྱི་འགན་ཁུར་ཡོད། ༧གོང་ས་མཆོག་གིས།


2019.10.21
སྤྱི་ནོར་༧གོང་ས་མཆོག་གིས་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ནང་པ་ཚོར་བཀའ་སློབ་བསྩལ་སྐབས། ༢༠༡༩།༡༠།༢༡ སྤྱི་ནོར་༧གོང་ས་མཆོག་གིས་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ནང་པ་ཚོར་བཀའ་སློབ་བསྩལ་སྐབས། ༢༠༡༩།༡༠།༢༡
OHHDL

ནང་པའི་སྤྱི་ཚོགས་ལ་ནང་སེམས་ཀྱི་ཞི་བདེ་བརྒྱུད་འཛམ་གླིང་ཞི་བདེ་བཟོ་རྒྱུར་དམིགས་བསལ་གྱི་འགན་ཁུར་ཡོད་ཅེས་༧གོང་ས་མཆོག་གིས་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ནང་པ་ཚོར་བཀའ་སྩལ་འདུག
རྒྱལ་སྤྱིའི་ནང་པའི་འབྲེལ་མཐུད་ཁང་གིས་གོ་སྒྲིག་གནང་སྟེ། ཨ་མི་རི་ཀ་དང་། ཧངྒ་རི། ཐེ་ལཎ་ཊི། ཉི་ཧོང་། ཧིན་རྡུ་ནི་ཤེ་ཡ། རྒྱ་གར་སོགས་འཛམ་གླིང་གི་ཡུལ་གྲུ་མི་འདྲ་བ་༤༠་ནས་ཆེད་བཅར། ནང་པའི་རྗེས་འཇུག་སེར་སྐྱ་ཕོ་མོ་འདྲ་མིན་བརྒྱ་དང་ལྔ་བཅུ་ལྷག་ལྷན་འཛོམས་ཀྱིས། བཞུགས་སྒར་ཉེ་མཁྲིས་བྷེ་རུ་ས་གནས་སུ་བྱང་ཆུབ་ཀྱི་རིག་གནས་ཟེར་བའི་བརྗོད་གཞིའི་ཐོག་ལྷན་ཚོགས་གནང་གི་ཡོད་ཅིང་། ཁོང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱི་ཟླ་༡༠པའི་ཚེས་༢༡་ཉིན་མཇལ་ཁ་ཞུས་སྐབས། ༧གོང་ས་མཆོག་གིས། འཇིག་རྟེན་བཀོད་པ་བོ་འདོད་མཁན་གྱི་ཆོས་ལུགས་མང་ཆེ་བ་དད་པ་ཙམ་ལ་བརྟེན་ཡོད་པ་དང་། ནང་པའི་ཆོས་ལུགས་ནི་དད་པ་ཙམ་མིན་པར་རྒྱུ་མཚན་གྱི་ལམ་ནས་འགྲོ་བཞིན་ཡོད་པས། དེང་སང་གི་འཛམ་གླིང་འདིར་ནང་སེམས་ཀྱི་ཞི་བདེ་བརྒྱུད་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར། ང་ཚོ་ནང་པའི་སྤྱི་ཚོགས་ལ་དམིགས་བསལ་གྱི་འགན་ཁུར་ཡོད་ཅེས་བཀའ་གནང་ཡོད་པ་རེད།
༧གོང་ས་མཆོག་གི་མཇལ་ཁ་བཀའ་སློབ་གྲུབ་འཕྲལ། འབར་མའི་དགེ་སློང་ཚོགས་བཅར་པ་འོད་མ་སཱ་ར་ནས་གསར་འགོད་པར། ཁོང་ཚོ་མང་ཆེ་བ་སྤྱི་ཚོགས་དྲང་སྙོམས་ཡོང་ཐབས་དང་ཁོར་ཡུག་སྲུང་སྐྱོབས་བཅས། སྤྱི་དོན་ཐོག་ལས་ཀ་བྱེད་མཁན་ཡིན་པས་ང་ཚོ་མཉམ་དུ་ཡོད་དུས་དམིགས་བསལ་ནུས་པ་ཞིག་ཡོད་པར་ཚོར་གྱི་ཡོད་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དཀའ་ངལ་མང་པོ་མྱངས། ལོ་མང་རིང་ཐུགས་ཁུར་ཤིན་ཏུ་མང་པོ་ཞིག་ཁུར་གནང་སྟེ། དགུང་ལོ་བརྒྱད་ཅུ་གྱ་བཞིའི་ཐོག་ཏུའང་ཐུགས་སྟོབས་ཆེན་པོ་ཡོད་པར་མཐོང་སྐབས། ཁོང་ཉིད་བཞུགས་པ་ཙམ་གྱིས་ཀུན་ལ་བྱིན་རླབས་ཆེན་པོ་དང་། ཁོང་ཉིད་ནི་ང་ཚོ་བློ་སྟོབས་འཕེལ་གཞིའི་འཛམ་གླིང་གི་དཔེ་མཚོན་ཡག་ཤོས་དེ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱལ་སྤྱིའི་ནང་པའི་འབྲེལ་མཐུད་ཁང་ནི། ཕྱི་ལོ་༡༩༨༩་ལོར་སྐུ་ཞབས་(Sulak Sivaraksa)་མཆོག་ནས་གསར་འཛུགས་གནང་ཡོད་ཅིང་། ཚོགས་པ་དེས་རྒྱལ་སྤྱིའི་ཁྱོན་དུ་ཁོར་ཡུག་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས། རྩོད་རྙོག་འདུམ་འགྲིག་བཅས་ཀྱི་དམིགས་ཡུལ་བཟུང་སྟེ། ནང་ཆོས་དང་འབྲེལ་བའི་ཐོག་ནས་ལས་དོན་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎