བོད་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་མི་ཆོག་པའི་དམ་དྲག


2019.05.29
བོད་མདོ་སྨད་ཕྱོགས་སུ་༧གོང་ས་མཆོ་གགི་སྐུ་པར་སྒྲིག་བཤོམ་གྱིས་མཇལ་བཞིན་པ། ༢༠༡༥ བོད་མདོ་སྨད་ཕྱོགས་སུ་༧གོང་ས་མཆོ་གགི་སྐུ་པར་སྒྲིག་བཤོམ་གྱིས་མཇལ་བཞིན་པ། ༢༠༡༥
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ནང་གི་ཞིང་འབྲོག་ས་ཁུལ་ཁག་ཏུ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག
བོད་ནང་གི་གྲོང་ཁྱེར་ཆེ་ཁག་ཙམ་དུ་མ་ཟད། འགྲིམ་འགྲུལ་སྟབས་བདེ་མེད་པའི་གྲོང་གསེབ་དང་འབྲོག་ས་ཁག་ཏུ་ཡང་རྒྱ་ནག་གི་གཞི་རིམ་དཔོན་རིགས་ཡོང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་སྒྲིག་གཤོམ་མི་ཆོག་པའི་བཀག་སྡོམ་བྱེད་བཞིན་ཡོད་འདུག
ཕྱི་ཟླ་ ༤ ་པའི་ཟླ་མཇུག་ཙམ་ནས་བཟུང་བོད་ཤར་ཕྱོགས་གསེར་རྟ་ཁུལ་ཡོངས་དང་། ལྷག་པར་འགྲིམ་འགྲུལ་གྱི་ཆ་རྐྱེན་སྐྱོ་བའི་འབྲོག་སྡེ་ཁག་ཏུ་དམ་དྲག་བྱེད་བཞིན་ཡོད་འདུག་ཅིང་།  སུད་སི་ནང་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ནང་གི་གནས་ཚུལ་ཤེས་རྟོགས་བྱུང་བ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལྟར་ན། གལ་ཏེ་འབྲོག་སྡེ་དང་གྲོང་གསེབ་ཁག་ཏུ་སྐུ་དཔར་སྒྲིག་གཤོམ་བྱས་པ་ཤེས་རྟོགས་བྱུང་ཚེ། མ་མཐར་ཡང་འཚོ་རྟེན་འགན་སྲུང་སྤྲོད་ཀྱི་མིན་ཞེས་བརྗོད་པ་དང་།  ས་གནས་སྡེ་པ་སོ་སོའི་སྡེ་དཔོན་གྱི་གོ་གནས་ཕྱིར་བསྡུ་བྱེད་རྒྱུ་ཡིན་པ་བརྗོད་ཡོད་འདུག
དེ་ཙམ་མ་ཟད། གསེར་རྟ་རྫོང་ཁོངས་མི་ཁ་ཤས་ལ་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་༧གོང་ས་མཆོག་གི་སྐུ་པར་བཞག་རྐྱེན་དངུལ་ཆད་བཀེལ་ཞིང་། ས་གནས་གྲོང་གསེབ་ཁག་ཏུ་རྒྱ་མིའི་འགོ་དཔོན་སླེབས་ནས་ཁུལ་དེར་ཚོར་བ་ཡག་པོ་ཡོད་པ་བརྗོད་དགོས་པའི་བཙན་བཀའ་བཏང་བའི་གནས་ཚུལ་དེ་འདྲ་ཡང་བྱུང་བཞིན་ཡོད་པ་མགོ་ལོག་འཇིགས་མེད་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎