དངོས་ཁམས་རིག་པ་དང་སྐྱེས་དངོས་རིག་པའི་སྐོར་བགྲོ་གླེང་།


2016.12.19
༧གོང་ས་མཆོག་དབུ་བཞུཊ་ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ནང་ཆོས་དང་ཚན་རིག་བར་མཁས་བའི་བགྲོ་གླེང་གནང་བཞིན་པ། ༢༠༡༦།༡༢།༡༩ ༧གོང་ས་མཆོག་དབུ་བཞུཊ་ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ནང་ཆོས་དང་ཚན་རིག་བར་མཁས་བའི་བགྲོ་གླེང་གནང་བཞིན་པ། ༢༠༡༦།༡༢།༡༩
པདྨ་དངོས་གྲུབ།/RFA

༧གོང་ས་མཆོག་དབུ་བཞུཊ་ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ནང་ཆོས་དང་ཚན་རིག་བར་མཁས་བའི་བགྲོ་གླེང་གནང་བཞིན་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ། ནང་ཆོས་དང་ཚན་རིག་དབར་ཕན་ཚུན་ལེགས་སྤེལ་གྱི་མཁས་པའི་རྒྱལ་སྤྱིའི་བགྲོ་གླེང་གི་ཚོགས་འདུ་དེའི་སྐབས་དངོས་ཁམས་རིག་པ་དང་སྐྱེས་དངོས་རིག་པའི་སྐོར་བགྲོ་གླེང་གནང་ཡོད་པ་རེད།
དེ་ཡང་འདི་ཚེས་༡༩་ཉིན། བོད་ཀྱི་སྲོལ་རྒྱུན་ནང་དོན་རིག་པའི་ཐོག་སྦྱངས་པ་ཆེན་པོ་ཡོད་པའི་ཐོག་རིག་གསར་ཚན་རིག་ལ་ལོ་ངོ་བཅུ་ཕྲག་ལྷག་རིང་སྦྱངས་པ་གནང་པའི་བོད་པའི་དགེ་འདུན་པ་རྣམ་པ་དང་། རིག་གསར་ཚན་རིག་པ་གྲགས་ཅན་ཁག་གཅིག་དབར་འཇིག་རྟེན་ཁམས་ཀྱི་རྩོམ་བྱེད་མཐར་ཐུག་ཇི་ཡིན་དང་། རྩོམ་བྱེད་དེ་དག་ཐོག་མར་ཇི་ལྟར་གྲུབ་ཚུལ། དེ་བཞིན་ཚེ་སྲོག་གི་གོ་དོན་སྤྱི་དང་། བྱེ་བྲག་ཏུ་སྐྱེས་དངོས་འཚར་ལོངས་དང་འཕེལ་འགྱུར་ངོས་ནས་ཚེ་སྲོག་གི་ཐོག་མའི་འབྱུང་ཁུངས་སོགས་ཀྱི་ཐད་ཕྱོགས་སོ་སོའི་འདོད་ཚུལ་ཐོག་ནས་བགྲོ་གླེང་གནང་ཡོད་པ་རེད།
སྐར་དཔྱད་རིག་པའི་ཚན་རིག་པ་ཨ་རིའི་ཨ་རི་ཛོ་ནའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་Christopher Impy་ལགས་ཀྱིས་འཇིག་རྟེན་ཁམས་དང་དེའི་གྲུབ་ཆར་གྱུར་བའི་བེམ་རྫས་རྣམས་ལོ་ངོ་ཐེར་འབུམ་བཅུ་བཞི་ཙམ་གྱི་ཡར་སྔོན་དུ་གས་ཐོར་ཆེན་པོའི་འཁྲུག་ལོག་ཆེན་པོ་བྱུང་བ་རྐྱང་པ་ལས་སྐྱེས་ཚུལ་སོགས་ངོ་སྤྲོད་གནང་ཞིང་། ཡང་རིག་གསར་ཚན་རིག་ཐོག་ལོ་མང་རིང་སློབ་སྦྱོང་གནང་མྱོང་མཁན་དང་ཨེ་མོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཚན་རིག་དང་ཨང་རྩིས་སློབ་སྦྱོང་གནང་མྱོང་མཁན་སེར་ར་བྱེས་གྲྭ་ཚང་གི་དགེ་འདུན་པ་ཐབས་མཁས་ལགས་ཀྱིས་ནང་པའི་མཚན་ཉིད་རིག་པའི་ནང་སྣོད་བཅུད་ཡོངས་རྫོགས་ཉེར་ལེན་གྱི་འབྱུང་གཞིའི་རྡུལ་དང་། བདག་རྐྱེན་སྤྱི་མཐུན་གྱི་ལས་གཉིས་ལས་བྱུང་བར་འདོད་པ་སོགས་ངོ་སྤྲོད་གནང་ཡོད་པ་རེད།
སྐྱེས་དངོས་རིག་པའི་བགྲོ་གླེང་སྐབས། དངོས་པོ་གང་ཞིག་སེམས་ལྡན་ཡིན་མིན་གྱི་ཚད་གཞི་མཇལ་སྟངས་ཐད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ཡང་ནང་པ་དང་ཚན་རིག་པ་གཉིས་ཀའི་ངོས་ནས་དཔྱད་པ་མུ་འཐུད་བྱེད་དགོས་པ་བཀའ་གནང་པ་དང་། རིག་གསར་ཚན་རིག་པས་བགྲོ་གླེང་ཤུགས་ཆེ་བྱུང་ཞིང་། ཚན་རིག་པ་ཚོས་ནང་པའི་ངོས་ནས་ནང་པའི་སྒོམ་ཆེན་པ་ཁག་གཅིག་དགོངས་པ་རྫོགས་པའི་རྗེས་ཐུགས་དམ་དུ་བཞུགས་བཞིན་པའི་སྐོར་དང་། ཕྲུ་གུ་བཙའ་དུས་མ་རན་གོང་ནས་མངལ་ནས་སྐྱུར་བ་སོགས་ཀྱི་གནད་དོན་ཐད་དགོངས་སྐོར་ཞུས་ཤིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དམ་གྱི་གནད་དོན་འདི་ནི་ནང་པའི་གསང་སྔགས་ཀྱི་གཞུང་ནས་གསུངས་པའི་ཕྲ་བའི་རླུང་སེམས་དང་འབྲེལ་བ་ཡོད་པ་སོགས་ངོ་སྤྲོད་གནང་ཞིང་། ཕྲུ་གུ་མངལ་ནས་འདོན་པའི་གནད་དོན་ཐད་བྱེ་བྲག་གི་གནས་སྟངས་ཐོག་ནས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་བཀའ་གནང་ནས། དཔེར་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གལ་ཏེ་ཕྲུ་གུ་ཞིག་བཙའ་རྒྱུར་མ་ཡི་སྲོག་ལ་ཉེན་ཁ་ཡོད་པ་ངེས་པའི་སྐབས་དང་། ཡང་ན་གང་བཙའ་རྒྱུའི་བྱིས་པ་དེ་དབང་པོ་མ་ཚང་བ་དང་སྐྱོན་ཅན་ཞིག་བཙའ་རྒྱུ་ངེས་པ་ལ་སོགས་པ་དེ་འདྲའི་དམིགས་བསལ་གྱི་གནས་སྐབས་སུ་ཕྲུ་གུ་མ་བཙའ་སྔོན་ནས་སྐྱུར་རྒྱུའི་སྣང་བ་འབྱིན་ཆོག་པ་ཞིག་ཡིན་པ་སོགས་བཀའ་གནང་ཡོད་པ་རེད།
ཕྱི་ཚེས་༢༠་ཉིན་དབང་རྩའི་ཚན་རིག་དང་སློབ་གསོའི་ལམ་ལུགས་ནང་ཆོས་ལུགས་དང་མ་འདྲེས་པའི་སྤྱོད་བཟང་ལག་ལེན་འཁེལ་ཕྱོགས་སྐོར་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎