༧གོང་ས་མཆོག་གིས་རྒྱ་གར་བ་ཁྲི་ཚོ་བརྒལ་བར་ལྷ་བབས་གནས་སུ་ཆོས་འབྲེལ།


2018.12.03
༧གོང་ས་མཆོག་གིས་རྒྱ་གར་བ་ཁྲི་ཚོ་བརྒལ་བར་ལྷ་བབས་གནས་སུ་ཆོས་འབྲེལ་སྐབས། ༢༠༡༨།༡༢།༣ ༧གོང་ས་མཆོག་གིས་རྒྱ་གར་བ་ཁྲི་ཚོ་བརྒལ་བར་ལྷ་བབས་གནས་སུ་ཆོས་འབྲེལ་སྐབས། ༢༠༡༨།༡༢།༣
OHHDL

རྒྱ་གར་ནང་གནའ་རབས་ཀྱི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་ཟུང་འབྲེལ་གྱིས་འགྲོ་ཐུབ་པར་འབད་བརྩོན་གནང་གི་ཡོད་པ་༧གོང་ས་མཆོག་ནས་གསུངས་འདུག
དེ་ཡང་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ནང་བའི་གཞོན་ནུ་ཚོགས་པ་ནས་གསོལ་འདེབས་གོ་སྒྲིག་གནང་སྟེ། རྒྱ་གར་ཨོས་ཏིར་པར་དེ་ཤེ་ནང་གི་སྟོན་པ་ལྷ་ལས་བབས་པའི་གནས་མཆོག་སིང་ཁ་སི་ས་གནས་སུ། ས་གནས་དེ་ཁུལ་གྱི་རྒྱ་གར་བ་ཤཱཀྱའི་རིགས་བརྒྱུད་ཀྱི་ནང་པ་ཚོ་གཙོ་བོར་བྱས་པ།  རྒྱ་གར་གྱི་ནང་བ་དང་ཁ་ཆེ། ཡེ་ཤུ་རྗེས་འཇུག་པ་བཅས་མི་གྲངས་ཆིག་ཁྲི་ལྔ་སྟོང་ལྷག་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ཚུལ་གྱི་བཀའ་ཁྲིད། སྤྱི་ཟླ་༡༢པའི་ཚེས་༣ནས་༥བར་གནང་གི་ཡོད་པ་འགོ་འཛུགས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ངོས་ནས་འབད་བརྩོན་བྱས་བསྡད་པ་གཅིག་ནི་རྒྱ་གར་གྱི་གནའ་རབས་རིག་གཞུང་དང་། སྲོལ་རྒྱུན་བཟང་པོ་ཅིག་ཡོད་བསྡད་པ་དེ། དེང་རབས་ཀྱི་རྒྱ་གར་ནང་བར་སྐབས་ཅུང་ཟད་དོ་སྣང་དེ་ཙམ་མེད་པར། དངོས་པོ་ཡར་རྒྱས་ཀྱི་ཤེས་ཡོན་དེ་འདྲའི་ཐོག་ནས་འགྲོ་བསྡད་དུས། ཆོས་དད་བྱེད་དགོས་རེད་ཟེར་གྱི་མེད་པར་གང་ལྟར་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་ཚོ་གྲས་དེ། ཆོས་དང་མ་འབྲེལ་བ་གཞིར་བཞག་གིས་རྒྱ་གར་ནང་གནའ་རབས་ཀྱི་རྒྱ་གར་བའི་ཤེས་ཡོན་དེ་བསྐྱར་གསོ་བྱེད་ཐུབ་པ་ཅིག་དེའི་རྒྱུ་མཚན་ནི་རྒྱ་གར་རྒྱལ་ཁབ་ཕལ་ཆེར་གཅིག་པུ་ལ། དེང་དུས་ཀྱི་ཤེས་ཡོན་གྱིས་དངོས་པོ་ཡར་རྒྱས་ཡོང་བ་དང་ལུས་བདེ་ཐང་ཡོང་བ། དེ་ཡང་དགོས་ཀྱི་ཡོད་པ་དང་ཆབས་ཅིག རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་དེས་ནང་སེམས་རྒྱུད་ཞི་བདེ་ཡོང་བ་ཅིག དེ་གཉིས་པོ་ཚུར་སྦྲེལ་ནས་དེ་ཡང་ཆོས་དང་མ་འབྲེལ་བ་གཞིར་བཞག་གིས་འགྲོ་ཐུབ་པ་ཅིག དེ་རྒྱ་གར་ལ་འོས་བབ་དང་ནུས་པ་འདུག་པ་ལས་ལུང་པ་གཞན་ལ་ཁག་པོ་ཡིན་པས། རྒྱ་གར་ནང་གནའ་རབས་ཀྱི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་གྱིས་འགྲོ་ཐུབ་པ་ཅིག འཛམ་གླིང་འདིར་དེ་ཚོ་འབྲེལ་བ་དང་དགོས་མཁོ་ཡོད་པ་ཅིག་ཏུ་མཐོང་སྟེ། སྔོན་ལ་རྒྱ་གར་རང་གི་ནང་དེ་ཚོ་བསྐྱར་གསོ་བྱ་དགོས་ཀྱི་འདུག་ཅེས་ངས་ནས་འབད་བརྩོན་བྱས་བསྡད་ཡོད་ཅེས་བཀའ་ཕེབས་པ་དང་། ད་དུང་ནང་ཆོས་སྤེལ་རྒྱུའི་འདུ་ཤེས་ཁུར་གྱི་མེད་པར་སེམས་་ཁམས་རིག་པ་དང་ཚད་མ་རིག་པ་སོགས་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་བསླབ་ན་ཆོས་དད་མེད་མཁན་ཚོ་ལའང་ཕན་ཐོགས་ཡོད་པས་མིའི་རྣམ་དཔྱོད་ཁྱད་དུ་འཕགས་པ་ཅིག་ཡོད་པ་དེ། ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་བཏང་ན་ཧ་ཅང་ཕངས་པོ་ཡིན་པས་མིའི་རྣམ་དཔྱོད་དེ་ཀུན་ལ་ཕན་བདེ་སྒྲུབ་ཐུབ་པ་ཅིག་ལ་བེད་སྤྱོད་བྱས་ན་མི་ལུས་ཐོབ་པ་དོན་ལྡན་ཡིན་པ་སོགས་བཀའ་ཕེབས་འདུག
དེ་ལྟར་སྤྱི་བཤད་ཀྱི་རྗེས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། སྤྱོད་འཇུག་གི་ཤེས་རབ་ལེའུའི་འགོ་ནས་ནང་ཆོས་ངོ་སྤྲོད་ཕེབས་ཡོད་ཅིང་། རྒྱ་གར་བ་ཆོས་ཞུ་བ་ཚོར་ཉིན་གུང་རྒྱབ་ཏུ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་བཀའ་སློབ་ཕེབས་ཀྱི་ཡོད་པ་རེད།

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎