༧གོང་ས་མཆོག་གིས་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་སྩལ་རྒྱུ།

2021-01-19
Share
༧གོང་ས་མཆོག་གིས་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་སྩལ་རྒྱུ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 01/17/21
OHHDL

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ལྡི་ལིར་ཡོད་པའི་དབྱིན་ཇིའི་སློབ་གྲྭར་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་སྩལ་རྒྱུའི་མཛད་འཆར་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྙན་འཕྲིན་བརྒྱུད། སྤྱི་ཟླ་དང་པོའི་ཚེས་༢༢་ཉིན། རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༩བ་ནས་༡༠བར་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་དབྱིན་ཇིའི་སློབ་གྲྭ་(The British School in New Delhi)ཡིས་གསོལ་འདེབས་ཞུས་དོན་ལྟར། བདེ་ཐང་དང་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་དང་། དེའི་རྗེས་སློབ་གྲྭ་དེ་གའི་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་སྩལ་གནང་རྒྱུ་ཡིན་པ་རེད།
ཡང་ཕྱི་ཟླ་༢ཚེས་༨ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བླ་མ་བཟོད་པ་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༩ནས་༡༠།༣༠བར་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་དང་དྲི་བར་བཀའ་ལན་མཛད་རྒྱུའི་མཛད་འཆར་འདུག
དེ་བཞིན་སྤྱི་ཟླ་༣ཚེས་༡༡ནས་ཚེས་༡༣་བར། ཉིན་གསུམ་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༩ནས་༡༠།༣༠བར་དྲ་ལམ་བརྒྱུད་ཆོས་འབྲེལ་དང་ཚན་རིག་སྐོར་ལ་བཀའ་སློབ་སྩལ་རྒྱུ་དང་། ཚེས་༡༡ཉིན་སོག་རིགས་གཞོན་སྐྱེས་ཚོར་ཚན་རིག་གི་སྐོར་ནས་བཀའ་སློབ་དང་དྲི་བར་བཀའ་ལན་གནང་རྒྱུ་ཡིན་པ་རེད། ཚེས་༡༢དང་༡༣ཉིན་གཉིས་རིང་། སོག་པོའི་དད་ལྡན་མི་མང་ལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ། མཛད་རིམ་དེ་ཚོ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་རྒྱུ་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།