༧གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་གྱིས་སྲིད་བློན་གཙོས་རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་འཆར།

2021-07-07
Share
༧གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་གྱིས་སྲིད་བློན་གཙོས་རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་འཆར། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སྩལ་གནང་བཞིན་པ། ༧།༧།༢༡
OHHDL

ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཕྲན་བུའི་བཟང་དུ་ཕྱིན་མཚམས་༧གོང་ས་མཆོག་ལྡི་ལིར་ཕེབས་ནས་རྒྱ་གར་གྱི་སྲིད་བློན་གཙོས་དཔོན་རིགས་ཁག་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཐད་བཀའ་བསྡུར་གནང་འཆར་ཡོད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་མཚམས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གྱིས་རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷི་དབུས་པའི་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས། རྒྱ་གར་གྱི་གནའ་བོའི་རིག་གཞུང་མི་ཉམས་གོང་འཕེལ་གཏོང་ཐབས་ཀྱི་དགོངས་གཞི་ཁག་གི་ཐད་བཀའ་བསྡུར་གནང་རྒྱུ་ཡིན་པ་ཕྱི་ཟླ་༧་ཚེས་༦་ཉིན་འཕྲོད་བསྟེན་ལས་རིགས་ནང་བྱམས་བརྩེའི་ཉམས་ལེན་ཞེས་པའི་བརྗོད་གཞིའི་ཐོག་གི་དྲ་ལམ་གྱི་ཚོགས་འདུ་དེའི་སྐབས་བཀའ་གནང་འདུག
དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་ན་རན་དྷརཱ་མོ་དྷི་རྣམ་གཉིས་མཇལ་འཕྲད་གནང་སྲིད་པ་ཡིན་པ་རྒྱ་གར་གྱི་(India Today)་གསར་འགྱུར་ལས་ཁང་ལ་གསུངས་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་ཞལ་པར་ཕུལ་བ་རྒྱ་གར་གྱི་སྲིད་བློན་མཆོག་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་པ་ནི་ད་རེས་ཐེངས་དང་པོ་དེ་ཡིན་ཞིང་། གཞི་རྐང་རྒྱ་གར་གཞུང་གི་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་གུས་བཀུར་ཧ་ལས་པའི་ཆེན་པོ་ཞུ་བཞིན་ཡོད་ན་ཡང་། རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་འཕེལ་རིམ་དང་གནས་སྟངས་ཀྱི་རྐྱེན་པས་སྐབས་རེར་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་ལ་མི་གནོད་པ་གཙོར་བཟུང་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་གནང་གི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ཕྱི་ཚེས་༦ ་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞལ་པར་ཕུལ་བ་ཡོངས་ཁྱབ་གནང་པ་དེ་ནི་རྒྱ་གར་གྱིས་རྒྱ་ནག་གི་ཐོག་བཟུང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ངོ་བོར་འགྱུར་བ་ཆེན་པོ་ཞིག་འགྲོ་གི་ཡོད་པའི་མཚོན་དོན་ཞིག་ཡིན་པར་ཡང་ངོས་འཛིན་བྱེད་མཁན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།