༧གོང་ས་མཆོག་གིས་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་མཇུག་སྒྲིལ།


2014.09.26
༧གོང་ས་མཆོག་སྤྱོད་འཇུག་ཆེན་མོའི་གསུངས་ཆོས་ལ་ཕེབས་སྐབས། ༢༠༡༤།༩།༢༥ ༧གོང་ས་མཆོག་སྤྱོད་འཇུག་ཆེན་མོའི་གསུངས་ཆོས་ལ་ཕེབས་སྐབས། ༢༠༡༤།༩།༢༥
སྐུ་སྒེར་དྲ་བ

༧གོང་ས་མཆོག་གིས་ཆོས་ཉམས་ལེན་དེ་ནང་བསམ་བློ་ནས་སྒྲུབ་དགོས་པ་ལས་ཕྱིའི་སྐུ་གསུངས་ཐུགས་རྟེན་སྒྲིག་གཤོམ་བྱ་རྒྱུ་གཙོ་བོ་མིན་པ་གསུངས་འདུག
དེ་ཡང་༧གོང་ས་མཆོག་གིས་ཚེས༢༦གསུངས་ཆོས་ཉིན་མཐའ་མར་ཆོས་ཉམས་ལེན་དེ་ནང་བསམ་བློ་ནས་སྒྲུབ་དགོས་པ་ལས་ཕྱིའི་སྐུ་གསུངས་ཐུགས་རྟེན་སྒྲིག་གཤོམ་བྱ་རྒྱུ་དེ་གཙོ་བོ་མ་ཡིན་པ་སོགས་བཀའ་སློབ་གནང་ནས་དེ་ཐེངས་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་མཇུག་སྒྲིལ་ཡོད་པ་དང་། ཕྱི་ཚེས་༢༥ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཙོ་བོ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་པོའི་ལེའུ་དགུ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་འབྲེལ་གནང་སྐབས་སྟོང་ཉིད་སྐོར་བཀའ་སློབ་ཕེབས་པའི་ནང་། དེ་རིང་གཙོ་བོ་སྤྱོད་འཇུག་གི་ལེའུ་དགུ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཉིད་གཏན་ལ་འབེབས་རྒྱུ་དེ་རེད། དེར་བརྟེན་སྟོང་ཉིད་སྐོར་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རང་ལོ་བཅུ་དྲུག་བཅུ་བདུན་སྐབས་ནས་ངོས་ཀྱིས་སྟོང་ཉིད་སྐོར་ལ་དོ་སྣང་ཤུགས་ཆེན་པོ་བྱས་པ་ཡིན། སྟོང་ཉིད་ཐོག་ལ་བསམ་བློ་ཡང་སྐོར་བསྐྱར་སྐོར་བྱེད་སྐབས་སེམས་ལ་འགྱུར་བ་ཐེབས་རྒྱུ་ཞིག་ཡོང་གི་འདུག ལྷག་པར་ཤེས་རབ་ཀྱི་ཆ་ནས་སེམས་ལ་འགྱུར་བ་ཐེབས་རྒྱུའི་ལག་ཆ་ཡག་ཤོས་ལྟ་བུ་རེད། དེར་བརྟེན་འདོད་ཡོན་ལ་ཆགས་པའི་བློ་གནོན་ཡོང་སྐབས། དེ་ལྟར་མུ་མཐུད་ནས་སེམས་ཏིང་ངེ་འཛིན་གྱི་གྲོགས་དང་བཅས་ཏེ་སྒོམ་ན། ཉོན་མོང་སྤངས་པའི་བྲལ་བ་ཞིག་ཡོང་ངེས་རེད་བསམ་པ་ཞིག་བློར་སླེབས་ཀྱི་ཡོད་། མདོར་ན། ནང་པ་སངས་རྒྱས་པའི་ཆོས་ནས་གསུངས་པའི་སྟོང་ཉིད་དང་བདག་མེད་རྟོགས་པའི་ཤེས་རབ་གོ་དོན་ཤེས་རྟོགས་བྱས་པ་བརྒྱུད་བདག་འཛིན་མ་རིག་པར་གཉེན་པོར་བསྟེན་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་ཆོས་འབྲེལ་སྐབས་བཀའ་གནང་ཡོད་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎