༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པར་ཆོས་འབྲེལ།

2016-08-31
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པར་ཆོས་འབྲེལ་སྐབས། ༢༠༡༦།༨།༣༠
༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པར་ཆོས་འབྲེལ་སྐབས། ༢༠༡༦།༨།༣༠
Tenzin Phuntsok/OHHDL

༧གོང་ས་མཆོག་གིས་བཞུགས་སྒར་དུ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་མང་པོར་དབུ་མ་རིན་ཆེན་ཕྲེང་བའི་གསུངས་ཆོས་གནང་བཞིན་པ་རེད།
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སེང་གྷ་པོར་བོད་ཀྱི་ནང་བསྟན་ལྟེ་གནས་ཁང་གི་གོ་བསྒྲིགས་འོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༩་ནས་ཟླ་རྗེས་མའི་ཕྱི་ཚེས་༡་ཉིན་བར། ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཡུལ་གྲུ་ཁག་གཙོས་པའི་འཛམ་གླིང་ཤར་ནུབ་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་ལ་ལོ་སྔོན་མའི་གསུང་ཆོས་ཀྱི་འཕྲོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་གཉིས་པ་ནས་གསུང་ཆོས་གནང་བཞིན་པ་རེད།
གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ལྕམ་ཝི་ནི་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། ད་ལོའི་གསུང་ཆོས་ཐོག་ཝེ་ཡེཏེ་ནམ་དང་། ཧྥེ་ལེ་ཕེན། མ་ལེ་ཞི་ཡ། སེང་གྷ་པོར། ཐེ་ཝན། རྒྱ་ནག ཀོ་རི་ཡ་སོགས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་མི་གྲངས་༡༡༠༠་གཙོས་བོད་རིགས་དང་འཛམ་གླིང་ཤར་ནུབ་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་བསྡོམས་༦༠༠༠་ལྷག་འཛོམས་ཡོད་པ་དང་། ཉིན་རྒྱབ་སེང་གྷ་པོར་གྱི་ཕྱི་ལུགས་སྨན་བཅོས་ཞབས་ཞུ་ཁང་ཞིག་གིས་ནད་པ་ཉམ་ཐག་ཚོར་རིན་མེད་ཐོག་ནད་གཞིར་བརྟག་དཔྱད་དང་སྨན་བཅོས་བྱེད་ཀྱི་ཡོད་པ་བརྗོད་འདུག
གསུང་ཆོས་དབུ་འཛུགས་ཐོག་༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་འཚམས་འདྲི་དང་འབྲེལ། དད་ལྡན་མི་མང་ལ་ནང་ཆོས་ངོ་སྤྲོད་གནང་དོན། ངོས་ཀྱིས་ནམ་རྒྱུན་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་གལ་ཆེན་པོར་བརྩི་བཞིན་ཡོད། ནང་ཆོས་ངོ་འཕྲོད་ནས་ནང་ཆོས་ཉམས་སུ་ལེན་པ་ཞེས་རིམ་པ་གཉིས་བྱས་ནས་ཤོད་ཀྱི་ཡོད། ད་རེས་འདིར་ནང་ཆོས་ངོ་སྤྲོད་དང་ལག་ལེན་གྱི་རིམ་པ་གཉིས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་སྐོར་རེད།
རིན་ཆེན་ཕྲེང་བ་ན་ནིང་ནས་འགོ་བཙུགས་ཏེ་ལེའུ་དང་པོ་དེ་ཟིན་ནས་ད་ལྟ་ལེའུ་གཉིས་པ་ནས་མར་སྟོན་རྒྱུ་རེད་དེ། ད་རེས་འདིར་ཁྱེད་རང་ཚོའི་མང་པོ་ཞིག་ཐེངས་དང་པོ་ཡིན་པའི་བཟོ་འདྲ་བོ་འདུག དེ་བས་དབུ་མ་རིན་ཆེན་ཕྲེང་བའི་འགོ་ནས་མར་ཞུས་ན་དྲན་བྱུང་། བརྗོད་བྱ་གཙོ་ཆེ་བ་ཁག་རོམ་ཙམ་ཞུས་ནས་འགྲོ་དགོས་ཞེས་བཀའ་གནང་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།