༧གོང་ས་མཆོག་གིས་མིའི་སྤྱི་ཚོགས་ལ་ཤ་ཚ་དང་དོ་སྣང་བྱ་དགོས་པ་བཀའ་སློབ།

2018-12-05
གློག་འཕྲིན།
མཆན།
Share
པར་བཀོད།
›༧གོང་ས་མཆོག་གིས་མིའི་སྤྱི་ཚོགས་ལ་ཤ་ཚ་དང་དོ་སྣང་བྱ་དགོས་པ་བཀའ་སློབ།
›༧གོང་ས་མཆོག་གིས་མིའི་སྤྱི་ཚོགས་ལ་ཤ་ཚ་དང་དོ་སྣང་བྱ་དགོས་པ་བཀའ་སློབ།
OOHDL

སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་ཨུ་ཌར་པར་དེ་ཤི་ནང་གི་ལྷ་བབས་ཀྱི་གནས་སུ་རྒྱ་གར་བ་ཤཀྱཱའི་རིགས་ཀྱི་ནང་པ་ཁག་གཙོ་བོར་བྱས་པའི་རྒྱ་གར་ཡུལ་མི་ཧིན་རྡུ་དང་། ཁ་ཆེ། ཡེ་ཤུ་ཆོས་ལུགས་བཅས་ཀྱི་རྗེས་འཇུག་པ་ཁྲི་ཚོ་གཅིག་དང་སྟོང་ལྔ་ཙམ་ལ་ཉིན་གསུམ་རིང་བྱམས་ཆུབ་སེམས་པའི་སྤྱོད་འཇུག་གི་བཀའ་ཆོས་གནང་བཞིན་ཡོད་པལས། ཉིན་མཐའ་མ་སྟེ་སྤྱི་ཟླ་ ༡༢ ཚེས་ ༥ ཉིན་༧གོང་ས་མཆོག་གིས་གཏོད་སྒྲུབ་བརྟེན་འབྱུང་གི་སྐོར་ནས་ངོ་སྤྲོད་ཀྱིས་གཏོད་སྒྲུབ་གསུང་ཡོང་དུས། འཇིག་རྟེན་ཁམས་ཀྱི་སྣོད་བཅུད་ཚང་མ་ཕན་ཚུན་བསྟུན་ནས་འགྲོ་སྡད་པ་ཞིག་དང་། གཏོད་ས་དེ་གལ་ཆེན་ཡིན་པས་མིའི་སྤྱི་ཚོགས་གནས་སའི་ཁོར་ཡུག་དེ་གལ་ཆེན་ཡིན་པ་དང་། མིའི་སྤྱི་ཚོགས་ནི་མི་སྒེར་པ་གཅིག་གི་མི་ཚེ་སྐྱེལ་རྒྱུའི་སྐད་ཆ་མིན་པར། སྤྱི་ཚོགས་ལ་བརྟེན་ནས་མི་ཚེ་སྐྱེལ་དགོས་དུས་སྤྱི་ཚོགས་དེ་ལ་ཤ་ཚ་དང་དོ་སྣང་བྱ་དགོས་ཆགས་ཀྱི་འདུག་ཅེས་བཀའ་སྩལ་འདུག    གཞན་ཡང་༧གོང་ས་མཆོག་གིས་སྤྱོད་འཇུག་གི་གནད་འགག་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་དུས་མཚུངས། སྤྱོད་འཇུག་ལེའུ་ ༩ པ་མཇུག་སྒྲིལ་པ་གནང་སྟེ་ཆོས་ཞུ་མཁན་ཚོས་སྤྱོད་འཇུག་རྒྱུན་འཁྱེར་བྱས་ནས་ཡང་ཡང་ལྟས་ན་སེམས་ལ་ཕན་ཐོག་ཡོད་པའི་སྐོར་བཀའ་སྩལ་འདུག     ཡང་༧གོང་ས་མཆོག་གིས་བཀའ་ཆོས་ཡོངས་སུ་འགྲོལ་ཏེ་ཚང་མ་ཕྱོགས་སོ་སོ་ལ་ཐོར་འགྲོ་རྒྱུ་ཡིན་ན་ཡང་། ཁོང་གིས་ཆོས་ཞུ་བ་ཚོ་ནམ་ཡང་ཐུགས་ནས་དོར་རྒྱུ་མིན་པ་དང་། ཆོས་ཞུ་བ་ཚོས་ཀྱང་ཁོང་སེམས་ནས་མི་བོར་བ་དྲན་དགོས་པ། དེ་ཡང་ཁོང་གི་ཞལ་རས་དྲན་པ་ལ་གསུང་གི་མེད་པར། ཁོང་གིས་བཀའ་ཆོས་སུ་གང་གསུང་བ་རྣམས་སེམས་ནས་དྲན་དགོས་པ་བཅས་བཀའ་སྩལ་འདུག་ཅིང་། མཇུག་ཏུ་རྒྱ་གར་གྱི་ཆོས་ཞུ་བ་གནད་ཡོད་ཚོར་མཇལ་ཁ་དང་སྐུ་པར་མཉམ་སྒྲོན་ཡང་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།