༧གོང་ས་མཆོག་རིང་མིན་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་ལ་ཆིབས་བསྒྱུར་སྐྱོང་འཆར་འདུག


2018.04.19
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཤར་ཡོ་རོབ་ཀྱི་ཡུལ་གྲུ་(Latvia)ནང་ཕེབས་སྐབས། ༢༠༡༦།༡༠།༩ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཤར་ཡོ་རོབ་ཀྱི་ཡུལ་གྲུ་(Latvia)ནང་ཕེབས་སྐབས། ༢༠༡༦།༡༠།༩
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་དྲུག་པའི་ནང་ཤར་ཡོ་རོབ་ཀྱི་ཡུལ་གྲུ་(Latvia)་དང་ཕྱི་ཟླ་དགུ་པའི་ནང་ནེ་ཐར་ལེནཌ་དང་(Netherland)ཇར་མ་ནེ། སུད་སི་སོགས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཆིབས་བསྒྱུར་སྐྱོང་རྒྱུའི་མཛད་འཆར་ཡོད་འདུག
གཞི་རྐང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འགྲུལ་ལམ་རིང་བའི་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་ཆིབས་བསྒྱུར་གྱི་མཛད་འཆར་ཉུང་དུ་བཏང་གནང་ཡོད་ནའང་༧གོང་ས་མཆོག་གི་དྲ་རྒྱའི་ཐོག་ འདི་ལོའི་ཕྱི་ཟླ་དྲུག་པའི་ཚེས་༡༦ ནས་༡ར བར་(Latvia)འི་རྒྱལ་ས་(Rigga) ནང་མང་ཚོགས་ལ་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་བསྡུས་དོན་དང་རྟེན་འབྲེལ་བསྟོད་པ་དང་། རྡོ་རྗེ་གཅོད་པ་། རྗེ་བཙུན་སྒྲོལ་མའི་རྗེས་སྣང་སོགས་ཆོས་འབྲེལ་སྐྱོང་རྒྱུའི་མཛད་ཡོད་པ་བཀོད་གནང་འདུག།
དེ་བཞིན་ཕྱི་ཟླ་དགུ་པའི་ཚེས་༡༦ དང་༡༧ རིང་(Netherland)ཡུལ་གྲུའི་ནང་རྙོག་འཛིང་ཆེ་བའི་འཛམ་གླིང་ནང་བྱམས་བརྩེ་མེད་དུ་མི་རུང་བ་ཞིག་ཡིན་དགོས་དོན་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་སྩལ་རྒྱུ་དང་། མང་ཚོགས་ལ་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་སྩལ་གནང་རྒྱུ་ཡིན་འདུག
དེ་རྗེས་ཕྱི་ཟླ་དགུ་པའི་ཚེས་༡༩ ནས་༢༠ བར་ཇར་མ་ནི་རུ་འཚེ་བ་མེད་པ་དང་ཞི་བདེའི་ལྷན་ཚོགས་ཤིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་རྒྱུ་དང་། བདེ་སྐྱིད་དང་གུས་བརྩི་ཞེས་པའི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་རྒྱུའི་མཛད་འཆར་ཁག་ཅིག་དང་། ཚེས་༢༡ ནས་༢༣ བར་སུད་ཛར་ལེན་ཌིའི་ནང་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་དང་།  སྐབས་དེར་སུད་སིའི་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་རེ་ཀོང་ཆོས་འཁོར་དགོན་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་རྗེས་དྲན་དུས་སྟོན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་ཐོག།  དབུ་མ་རིན་ཆེན་ཕྲེང་བ་དང་། ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་སྩོལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།  
ཡང་ཕྱི་ཟླ་ ༩ ཚེས་ ༤ ནས་ ༧ བར་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ འབྲེལ་བ་བུདྷ་པཱ་ལི་ཏའི་སྒོ་ནས་སྔ་ལོའི་འཕྲོས་ཀྱི་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎