༧གོང་ས་མཆོག་འཛམ་གླིང་ནང་གི་རླབས་ཆེན་དབུ་ཁྲིད་ཨང་དང་པོ།

2016-02-25
གློག་འཕྲིན།
མཆན།
Share
པར་བཀོད།
འཛམ་གླིང་ནང་སེམས་འགུལ་ཤུགས་ཆེ་ཤོས་གཏོང་གནང་མཛད་མཁན་གྱི་རླབས་ཆེན་དབུ་ཁྲིད་རྣམ་པ། ༢༠༡༦
འཛམ་གླིང་ནང་སེམས་འགུལ་ཤུགས་ཆེ་ཤོས་གཏོང་གནང་མཛད་མཁན་གྱི་རླབས་ཆེན་དབུ་ཁྲིད་རྣམ་པ། ༢༠༡༦
PTI

༧གོང་ས་མཆོག་སླར་ཡང་འཛམ་གླིང་ནང་སེམས་འགུལ་ཤུགས་ཆེ་ཤོས་གཏོང་གནང་མཛད་མཁན་གྱི་རླབས་ཆེན་དབུ་ཁྲིད་ཨང་དང་པོར་བདམས་པ།
དེ་ཡང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱེད་པའི་ཝཌ་ཀིན་ལུས་སེམས་སྲོག་ (Watkins Mind Body Spirit magazine)ཅེས་པའི་དུས་དེབ་དེས་ལོ་ལྟར་ཕྱི་ཟླ་༢ ནང་འདོན་སྤེལ་གནང་སྲོལ་ཡོད་པ་ལྟར། དུས་དེབ་དེའི་ནང་འཛམ་གླིང་ནང་གི་ཆབ་སྲིད་དང་ཆོས་ཕྱོགས། རྩོམ་པ་པོ། གློག་བརྙན་བཟོ་སྐྲུན་པ། དེ་བཞིན་སྒྱུ་རྩལ་བ་སོགས་ཐོག་མར་གྲགས་ཅན་མི་སྣ་༦༠༠དང༌། དེ་ནས་དེའི་ཁོངས་ནས་མཐར་རླབས་ཆེན་མི་སྣ་༡༠༠འདེམས་སྲོལ་ཡོད་པའི་ནང་ནས། འདི་ལོའི་དུས་དེབ་ནང་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་མང་ཚོགས་ཀྱི་སེམས་ཁམས་གསོ་བའི་རླབས་ཆེན་གྱི་དབུ་ཁྲིད་བརྒྱ་ཐམ་པའི་མཚན་གཞུང་ནས་སླར་ཡང་ཨང་དང་པོར་འོས་འདེམས་ཞུས་འདུག
དེ་ཡང་ལུས་སེམས་སྲོག་ཅེས་པའི་དུས་དེབ་ཀྱི་དྲ་རྒྱའི་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ནང་ནས་རང་གཞན་གཉིས་ཀར་བདེ་སྐྱིད་དགོས་ན་བྱམས་སྙིང་རྗེ་ཉམས་ལེན་བྱ་དགོས་པའི་བཀའ་སློབ་སྩལ་བ་དེ་ལུང་འདྲེན་གྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་སླར་ཡང་གོ་ལ་འདིའི་སྟེང་མང་ཚོགས་ཀྱིས་ཡིད་སྨོན་བྱེད་སའི་རླབས་ཆེན་གྱི་དབུ་ཁྲིད་ཨང་དང་པོར་འདེམས་ཐོན་བྱུང་བ་མ་ཟད། གང་ཉིད་ཕྱི་ལོ་༢༠༡༢ནས་བཟུང་བསྟུད་མར་འཛམ་གླིང་གི་མི་མང་གིས་ཡིད་སྨོན་བྱེད་སའི་རླབས་ཆེན་གྱི་དབུ་ཁྲིད་ཨང་དང་པོར་འདེམས་ཐོན་བྱུང་ཡོད་པ་དང༌། ཡང་འདི་ལོའི་གྲགས་ཅན་མི་སྣ་ཨང་གཉིས་པར་ཡི་ཤུའི་བླ་ཆེན་(Pope Francis)མཆོག་དང༌། ཨང་གསུམ་པར་ལྷོ་ཨ་ཧྥེ་རི་ཀའི་ཡི་ཤུའི་བླ་ཆེན་ (Bishop Desmond Tutu)མཆོག་འདེམས་ཐོན་བྱུང་ཡོད་པ་སོགས་འཁོད་འདུག

གསར་འགོད་པ་ངག་ཆོས།

མཆན། (0)
Share
དྲ་གནས་ཆ་ཚང༌།