༧གོང་ས་མཆོག་ཀུམ་བྷ་མེ་ལཱ་ཧིན་རྡུའི་དུས་ཆེན་ཐོག་ཕེབས་གནང་བ།


2015.08.31
༧གོང་ས་མཆོག་ཀུམ་བྷ་མེ་ལཱ་ཧིན་རྡུའི་དུས་ཆེན་ཐོག་ཕེབས་གནང་སྐབས། ༢༠༡༥།༨།༣༠ ༧གོང་ས་མཆོག་ཀུམ་བྷ་མེ་ལཱ་ཧིན་རྡུའི་དུས་ཆེན་ཐོག་ཕེབས་གནང་སྐབས། ༢༠༡༥།༨།༣༠
Tenzin Choejor/OHHDL

༧གོང་ས་མཆོག་གིས་ཆོས་ཕྱོཊ་ཀྱི་དབུ་ཁྲིད་ཚོར་འཛམ་གླིང་ནང་ཞི་བདེ་མཉམ་གནས་ཡོང་རྒྱུའི་བསླབ་བྱ་རྒྱག་དགོས་པའི་བཀའ་གནང་ཡོད་འདུག
དེ་ཡང་རྒྱ་གར་གྱི་Trimbakeshwarཞེས་པའི་ཧིན་རྡུའི་ཆོས་ཁང་ཡོད་སའི་གྲོང་ཁྱེར་དེའི་ནང་། ས་གནས་Kushawartaཞེས་པའི་གནས་ཆེན་དེར་Simhastha  Kumbh Melaཞེས་ཧིན་རྡུའི་ཆོས་པས་གཙང་ཆུའི་ནང་མཆོད་འབུལ་སྨོན་ལམ་བྱེད་པའི་མཛད་སྒོ་དེའི་སར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་གདན་ཞུས་ལྟར་༧གོང་ས་མཆོག་གིས་ཀྱང་གཟའ་ཉི་མའི་ཉིན་ཧིན་རྡུའི་ཆོས་ཕྱོགས་ཀྱི་མཛད་སྒོའི་དེའི་སར་སླར་ཡང་ལྷན་བཞུགས་དང་ཕྱོགས་མཚུངས་༧གོང་ས་མཆོག་གི་ཧིན་རྡུའི་ཆོ་ག་དང་འབྲེལ་བའི་ཐོག་ནས་འཁྲུས་གསོལ་ཞུས་གནང་ཡོད་པ་རེད།
གནས་མཆོག་དེར་Kashani Ashram ཧིན་རྡུའི་ཆོས་ཁང་ནས་ཡིན་པའི་Mahamandalesher Swami Dr. Guru Sharanandji་མཆོག་གིས་ཧིན་རྡུའི་ཆོས་ཕྱོགས་ཀྱི་མཛད་སྒོའི་མཆོད་འབུལ་སྨོན་ལམ་དབུ་འཛུགས་གནང་བ་དང་སྦྲགས་༧གོང་ས་མཆོག་གིས་དེ་གར་བཀའ་གནང་བར། སེམས་ཀྱིས་ལུས་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད་པས་སྤྱིར་ང་ཚོའི་སེམས་དེ་གཙང་མ་ཞིག་ཡོད་པ་ཡིན་ན། ཆུའི་ནང་མགོ་བོ་དེ་ཆ་ཚང་མ་བཅུག་ནའང་འགྲིག་རྒྱུ་ཡིན་པའི་སྐོར་བཀའ་གནང་ཡོད་པ་རེད།
༧གོང་ས་མཆོག་ཁུལ་དེའི་Trimbakeshwarལ་ཉིན་གྲངས་གཉིས་ཀྱི་རིང་ཆིབས་བསྒྱུར་བཀྲིན་བསྐྱང་གནང་ཡོད་པ་དང་། ཕྱོགས་མཚུངས་དེ་གར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེན་པོ་འདི་ལྟ་བུའི་ཐོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོར་འཛམ་གླིང་ནང་ཞི་བདེ་མཉམ་གནས་ཡོང་རྒྱུའི་བསླབ་བྱ་རྒྱག་དགོས་པའི་བཀའ་སློབ་གནང་ཡོད་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎