བཀའ་སློབ་ཟབ་མོ་སྙིང་ལ་བཅངས་ནས་བོད་དོན་འཐབ་རྩོད་བྱེད་རྒྱུ་ཡིན། གཞོན་ནུའི་ཚོགས་གཙོས།

2019-06-19
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། ༢༠༡༩།༦།༡༩
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། ༢༠༡༩།༦།༡༩
TYC-FB

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོག་ཀྱི་ཚོགས་ཆེན་ཐེངས་༡༧་པ་དང་འབྲེལ་ནས་མཇལ་ཁ་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༡༩་ཉིན་བཞུགས་སྒར་ཕོ་བྲང་དུ་ཚོགས་བཅར་བ་༩༠་ཙམ་ཞིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རང་བཙན་རྩོད་ལེན་གནང་གི་མེད་པ་དང་། ༧གོང་ས་མཆོག་གི་བཞེངས་ཕྱོགས་དེ་དབུ་མའི་ལམ་ཡིན་པ་ལྟར་དབུ་མའི་ལམ་གྱི་ཐོག་ཕེབས་དགོས་པའི་དགོས་དམིགས་སོགས་ཀྱི་སྐོར་བཀའ་གནང་བ་སྦྲགས་རྒྱལ་རབས་ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་པ་ལྟར་རྒྱ་མིའི་ཡིག་ཆའི་ནང་གསལ་ཡོད་པ་དེ་ཚོ་ལུང་འདྲེན་བྱེད་དགོས་པ་བཀའ་ཕེབས་ཡོད་འདུག
མཇལ་ཁ་འགྲུབ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པའི་ནང་དོན་ངོ་སྤྲོད་གནང་སྐབས། བོད་ནང་གི་བོད་མི་ཚོས་བོད་མི་རིགས་ཀྱི་དོན་དུ་ཧ་ལས་པས་སྐུ་ལས་སྐྱོན་ཡོད་པ་དང་། ད་ཆ་མི་རབས་འགྱུར་བ་འགྲོ་བཞིན་ཡོད་སྟབས་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་འཐབ་རྩོད་ཐོག་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་སྐོར་བཀའ་ཕེབས་པ་ཡོད་སྐོར་དང་། ཡང་ཁོང་གིས་དབུས་རྒྱུན་ལས་གསར་རྙིང་གཉིས་ཀྱི་རྒྱུན་ལས་རྣམ་པས་དབུས་ཚོགས་བཅར་བ་ཡོངས་ལ་མཇལ་ཁ་དང་བཀའ་སློབ་ཟབ་མོ་ཕེབས་པ་འདི་སྙིང་དབུས་སུ་བཅངས་ནས་བོད་དོན་འཐབ་རྩོད་ཐོག་མུ་མཐུད་ཧུར་སྐྱེད་བྱ་རྒྱུ་ཡིན་པ་གསུངས་གནང་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༧་པ་དེ་བཞིན་འདི་ཚེས་༡༡་ནས་༡༦་བར་བཞུགས་སྒར་དུ་ཚོགས་ཡོད་ཅིང་། ཚོགས་ཆེན་ཐོག་ས་གནས་ཁག་༤༥་ནས་ཚོགས་བཅར་བ་༡༥༠་མཉམ་བཞུགས་གནང་ཡོད་ཀྱང་ཚོགས་མི་ཁག་ཅིག་ས་གནས་སུ་ཕྱིར་ལོག་ཟིན་པར་བརྟེན་ད་རེས་མཇལ་ཁའི་སྐབས་ཚོགས་བཅར་བ་མི་གྲངས་༩༠་ཙམ་བཅར་ཡོད་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།