བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འཕྲིན་སྩལ།

2019-07-25
གློག་འཕྲིན།
མཆན།
Share
པར་བཀོད།
དབྱིན་ཇིའི་སྲིད་བློན་གསར་པ་སྐུ་ཞབས་བྷོ་རེ་སི་ཇོན་སོན་(Boris Johnson)མཆོག ༢༠༡༩།༧།༢༤
དབྱིན་ཇིའི་སྲིད་བློན་གསར་པ་སྐུ་ཞབས་བྷོ་རེ་སི་ཇོན་སོན་(Boris Johnson)མཆོག ༢༠༡༩།༧།༢༤
AP

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ཉིད་ཡོ་རོབ་མནའ་མཐུན་གྱི་བསམ་བློ་ལ་ཡི་རངས་གནང་མཁན་ཞིག་ཡིན་པ་གསུངས་ནས་དབྱིན་ཇིའི་སྲིད་བློན་གསར་པ་བྷོ་རི་སི་ཇོན་སོན་མཆོག་ལ་འཚམས་འཕྲིན་ཕུལ་གནང་འདུག
ཉེ་ལམ་དབྱིན་ཇིའི་རྒྱལ་ཁབ་ཀྱི་རྙིང་ཞེན་གཞུང་འཛིན་ཆབ་སྲིད་པའི་ཚོགས་གཙོ་དང་། དབྱིན་ཇི་རྒྱལ་ཁབ་ཡོ་རོབ་མནའ་མཐུན་གྱི་ཁོངས་ནས་ཕྱིར་འཐེན་བྱེད་དགོས་པའི་འདོད་ཚུལ་ཤུགས་ཆེ་འཛིན་མཁན། སྐུ་ཞབས་བྷོ་རེ་སི་ཇོན་སོན་(Boris Johnson)མཆོག་དབྱིན་ཇིའི་སྲིད་བློན་དུ་འོས་འདེམས་བསྐོ་བཞག་གིས། སྤྱི་ཟླ་༧པའི་ཚེས་༢༤་ཉིན་དངོས་སུ་ལས་འགོ་བཙུགས་ཡོད་པར་བརྟེན། བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་དགའ་བསུའི་འཚམས་འཕྲིན་ཕུལ་བ་དང་ཆབས་ཅིག མགོན་པོ་གང་ཉིད་ནི་ཡོ་རོབ་མནའ་མཐུན་གྱི་བསམ་བློ་ལ་ཡི་རངས་གནང་མཁན་ཞིག་ཡིན་པའང་བཀའ་ཕེབས་ཡོད་ཅིང་། དེའི་སྐོར་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་མཆོག་གིས། གང་ལྟར་སྤྱི་ལོ་༢༠༡༦་ལོར་དབྱིན་ཡུལ་དུ་མང་མོས་འོས་བསྡུ་གནང་སྟེ། ཐག་གཅོད་བདམས་ཀ་གང་གནང་བ་དེར་༧གོང་ས་ཆེན་པོས་བསམ་ཤེས་གུས་བརྩི་གནང་གི་ཡོད་པ་ཕེབས་ཡོད་ཅིང་། ཡང་༧གོང་ས་མཆོག་གིས་འཚམས་འཕྲིན་དུ་དབྱིན་ཇི་རྒྱལ་ཁབ་དང་བོད་ཀྱི་བར་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་འབྲེལ་ལམ་ཡོད་པའང་བཀའ་ཕེབས་ཡོད་འདུག
གཞན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཇིའི་རྒྱལ་ཁབ་དུ་ཐེངས་མང་ཆིབས་བསྒྱུར་གནང་སྐབས། མི་མང་ཚོས་དགའ་མོས་དང་དད་གུས་ཆེན་པོ་གནང་བར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགྱེས་ཚོར་བྱུང་བ་སོགས་འཁོད་ཡོད་པ་རེད།
དབྱིན་ཇིའི་སྲིད་བློན་གསར་པ་བྷོ་རེ་སི་ཇོན་སོན་མཆོག་ནི། དབྱིན་ཇིའི་སྤྱི་ཚོགས་སུ་གླེང་གཞི་དང་ཤུགས་རྐྱེན་ཆེན་པོ་ཡོད་པའི་རྩོམ་པ་བོ་དང་གསར་འགོད་པ། ཆབ་སྲིད་མི་སྣ་ཞིག་ཡིན་ཁར། ཁོང་ནི་དབྱིན་ཇིའི་གྲོས་ཚོགས་འཐུས་མི་དང་རྒྱལ་ས་ལོན་ཊོན་གྲོང་ཁྱེར་སྤྱི་ཁྱབ་པ། དབྱིན་ཇིའི་ཕྱི་སྲིད་དང་རྒྱལ་དོན་བློན་ཆེན་བཅས་གནང་མྱོང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།