རང་ཉིད་རྒྱལ་བའི་ཆེད་དུ་གཞན་ལ་དཀའ་ངལ་སྤྲད་ན་ནོར་འཁྲུལ་རེད། ༧གོང་ས་མཆོག་གིས།

2018-05-21
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཝིཡེཏ་ནམ་མི་སེར་ཁག་གཅིག་ལྷན་དུ་བཀའ་དྲིར་བཀའ་ལན་གནང་སྐབས། ༢༠༡༨།༥།༢༡
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཝིཡེཏ་ནམ་མི་སེར་ཁག་གཅིག་ལྷན་དུ་བཀའ་དྲིར་བཀའ་ལན་གནང་སྐབས། ༢༠༡༨།༥།༢༡
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུཊ་སྒར་ཕོ་བྲང་དུ་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཝིཡེཏ་ནམ་ནས་སླེབས་པའི་མི་སྐོར་ཞིག་དང་ཡུལ་དེའི་གྲོང་ཁྱེར་ཁག་ཅིག་ཏུ་དྲ་ལམ་བརྒྱུད་ནས་མི་ཚེའི་དཀའ་ངལ་དག་སེལ་ཐབས་ཀྱི་དྲི་བར་བཀའ་ལན་གནང་འདུག
དེ་ཡང་ཕྱི་ཚེས་༢༡་དང་༢༢གཉིས་ལ་༧གོང་ས་མཆོག་གིས་ཝིཡེཏ་ནམ་ནས་སླེབས་པའི་མི་གྲངས་༧༦ཙམ་དང་། ཡང་གྲོང་ཁྱེར་ཁག་གསུམ་བཅས་སུ་ཐད་ཀར་དྲ་ལམ་བརྒྱུད་བཀའ་འདྲི་བཀའ་ལན་གྱི་མཛད་འཕྲིན་ཞིག་བསྐྱངས་གནང་མཛད་ཅིང་། ཕྱི་ཚེས་༢༡ཉིན་མི་ཞིག་གིས་ཝིཡེཏ་ནམ་ནང་སློང་མོ་བ་མང་པོ་ཡོད་པའི་ཁྲོད་ཁག་ཅིག་གིས་དབང་པོ་སྐྱོན་ཅན་ཡིན་ཁུལ་གྱིས་སློང་མོ་བྱེད་བཞིན་ཡོད་པས་བདེན་རྫུན་དབྱེ་བ་འབྱེད་ཁག་པོ་ཡིན་པས་ཇི་ལྟར་བྱ་རུང་བའི་སྐོར་བཀའ་འདྲི་ཞུས་པར་གོང་ས་མཆོག་གིས་སྤྱིན་གཏོང་དང་རོགས་སྐྱོབ་ཚོགས་པ་བརྒྱུད་ནས་སྤྱིན་པ་བཏང་བ་ཡིན་ན་ལེགས་པའི་སྐོར་གསུང་ཡོད་པ་རེད།
ཡང་མི་གཞན་ཞིག་གིས་དེང་དུས་འཛམ་གླིང་སྟེང་འགྲན་སེམས་ཤིན་ཏུ་ཆེན་པོ་ཡོད་པའི་དུས་འདིར་ང་ཚོས་རང་ཉིད་ཀྱི་སེམས་ལ་ཞི་བདེ་ཡོང་ཐབས་གང་འདྲ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་བཀའ་ལན་གནང་དོན། རང་ཉིད་གཞན་ལས་རྒྱལ་བའི་ཆེད་དུ་མི་གཞན་ལ་དཀའ་ངལ་སྤྲད་པ་ཡིན་ན་དེ་ནི་ནོར་འཁྲུལ་རེད། ཡིན་ནའང་རང་ཉིད་ཡག་ཤོས་རྩེ་ཕུད་དུ་སླེབས་ཆེད་མི་གཞན་ལ་མིག་དཔེ་དང་ཀུན་སློང་བཟང་བོ་སྟོན་ཐུབ་པ་ཡིན་ན། དེ་ནི་ལེགས་པོ་རེད། མཚམས་རེ་འགྲན་སེམས་འདི་རིགས་དགོས་ངེས་ཅན་རེད་ཅེས་གསུངས་གནང་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།