ཤེས་རབ་ལྡན་པའི་རང་གཅེས་འཛིན་བྱེད་དགོས། ༧གོང་ས་མཆོག་གིས།


2018.06.14
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལི་ཐུཡེ་ནི་ཡའི་ནང་གི་མཛད་འཕྲིན་སྐབས། ༢༠༡༨།༦།༩ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལི་ཐུཡེ་ནི་ཡའི་ནང་གི་མཛད་འཕྲིན་སྐབས། ༢༠༡༨།༦།༩
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རང་གི་བདེ་བ་ནི་གཞན་ལ་རག་ལུས་ཡོད་པས་གཞན་བདེ་བར་བཀོད་ཐབས་སུ་ཤེས་རབ་ལྡན་པའི་རང་གཅེས་འཛིན་དགོས་པ་བཀའ་གནང་འདུག
དེ་ཡང་ཕྱི་ཟླ་ ༦ ཚེས་ ༡༤ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་སྦལ་ཊིཀ་མངའ་ཁུལ་ཡུལ་གྲུ་ལི་ཐུཡེ་ནི་ཡའི་རྒྱལ་ས་ཝིལ་ནིཡུསྀ་ནང་གི་སིཡེ་མནསྀ་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་སྟོང་ཚོ་འགའ་ཤས་ལ་བདེ་སྐྱིད་ཀྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩལ་སྐབས། ང་ཚོ་ཚང་མར་རང་ཉིད་ཀྱི་བདེ་སྐྱིད་གྲུབ་པའི་ཐོབ་ཐང་ཡོད་པ་གཅིག་མཚུངས་ཡིན་ན་ཡང་། བདེ་སྐྱིད་དེ་གཞན་ལ་རྟེན་ནས་ཡོང་གི་ཡོད་པ་མ་ཤེས་པའི་ཐོག་ནས་ཤེས་རབས་ཀྱིས་ཕོངས་པའི་རང་གཅེས་འཛིན་ལས་དྲང་པའི་རྙོག་གྲ་མང་དག་ཞིག་ཡོང་གི་ཡོད་པ་བཀའ་གནང་ཞིང་།  དོན་དངོས་རང་ཉིད་ཀྱི་བདེ་སྐྱིད་གྲུབ་པར་བདེ་སྐྱིད་འབྱུང་ཡུལ་གཞན་གྱི་བདེ་སྐྱིད་གྲུབ་འདོད་ཀྱི་བློ་སྟེ་ཤེས་རབ་ལྡན་པའི་རང་གཅེས་འཛིན་དགོས་པ་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་དངོས་པོས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་རྒྱུ་མིན་པ་དང་།  ནང་སེམས་ཀྱི་བདེ་སྐྱིད་ངོ་མ་ནི་སོ་སོ་རང་ཉིད་ཀྱི་བསམ་བློའི་ཀུན་སྤྱོད་ལ་འགྱུར་བ་བཏང་ནས་ཐོབ་དགོས་པ་བཀའ་གནང་ཡོད་པ་རེད།  དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་འགྲོ་བ་མི་ཐེར་འབུམ་བདུན་ཙམ་ཡོད་པ་དེ་དག་རང་ཉིད་དང་གཅིག་པ་ཡིན་པའི་བསམ་བློ་དེའི་ཐོག་ནས་ཀུན་ཕན་འགན་འཁུར་དང་བྱམས་བརྩེའི་བློ་བསྐྱེད་ཐུབ་པ་ཡིན་ན། རང་ཉིད་ཀྱི་བློ་སྤོབས་འཕེལ་རྒྱུ་མ་ཟད། གཞན་གྱིས་ཀྱང་ཡིད་རངས་དང་དགའ་པོ་བྱ་སའི་ཡུལ་ཞིག་ཏུ་གྱུར་ནས་རང་གཞན་གཉིས་ཀར་བདེ་སྐྱིད་བསྐྲུན་མཁན་གྱི་མི་ཞིག་ཆགས་ཐུབ་རྒྱུ་ཡིན་པ་བཀའ་གནང་འདུག
ཕྱི་ཚེས་ ༡༤ སྔ་དྲོ་ལི་ཐུཡེ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་གྲོས་ཚོགས་ཀྱི་འཐུས་མི་བརྒྱད་ཙམ་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཤིང་། དམིགས་བསལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལི་ཐུཡེ་ནི་ཡར་ཐོག་མར་ ༡༩༩༡ ལོར་ཆིབས་བསྒྱུར་སྐབས་ཡུལ་དེའི་སྲིད་འཛིན་དང་གྲོས་ཚོགས་ཀྱི་ཚོགས་གཙོ་གཅིག་ཅོག་གནང་མཁན་མཁས་དབང་སྐུ་ཞབས་ ཝི་ཏའུ་ཏསྀ་ ལེནཌསྀ་གྷེར་གྷིསྀ་ (Vitautas Landgergis) མཆོག་ཀྱང་ཟུར་མཇལ་ཞུས་ཡོད་པ་རེད།  
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༥ ཉིན་ལཏ་ཝི་ཡ་ཡུལ་གྲུར་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་དང་། དེ་ཕྱོགས་སུ་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སྩོལ་གནང་གི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎