བོད་པ་ཚོས་ནང་བསམ་བློ་ཡར་རྒྱས་གཏོང་རྒྱུའི་ཐད་ཏན་ཏན་ཕན་ཐོགས་བསྐྲུན་ཐུབ། ༧གོང་ས་མཆོག་གིས།


2020.08.05
༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་བཀའ་ཁྲིད། ༢༠༢༠།༨།༤ ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་བཀའ་ཁྲིད། ༢༠༢༠།༨།༤
OHHDL

བོད་པས་འཛམ་གླིང་སྤྱི་ལ་རྒྱུ་དངོས་པོའི་ཐོག་ནས་ཕན་ཐོགས་བྱེད་ཐུབ་ཀྱི་མེད་ཀྱང་ནང་བསམ་བློ་ཡར་རྒྱས་གཏོང་རྒྱུའི་ཐད་ཏན་ཏན་ཕན་ཐོགས་བསྐྲུན་ཐུབ་ཅེས་༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་སྐབས་བཀའ་གནང་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་། སློབ་གྲྭ་ཁག་གིས་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༥་ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་རྗེ་ཙོང་ཁ་པ་མཆོག་གིས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་ཉིན་གཉིས་པའི་སྐབས། སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་གནང་བ་དང་། སྤྱིར་བདེ་སྐྱིད་ཟེར་བ་དེ། ནང་སེམས་ཀྱི་བདེ་སྐྱིད་དང་། ལུས་ཚོར་དང་འབྲེལ་བའི་བདེ་སྡུག་ཅེས་ང་ཚོས་དུམ་བུ་གཉིས་ལ་དབྱེ་ཆོག འོན་ཀྱང་དོན་དམ་གྱི་བདེ་སྐྱིད་ཐོབ་པར་ནང་སེམས་ཀྱི་བདེ་སྐྱིད་དེ་གཙོ་བོ་ཆགས་ཡོད་ལ། ང་ཚོའི་སྡུག་བསྔལ་མང་པོ་ཞིག་ནི་རང་གཅེས་འཛིན་གྱི་བློ་དེ་ཆེ་དྲགས་པའི་དབང་གིས་ཡོང་གི་ཡོད། གཞན་ཕན་གྱི་བློ་དེ་བོད་པའི་རིག་གཞུང་དང་འབྲེལ་བ་ཡོད་ལ། ང་ཚོ་བཙན་བྱོལ་བ་ལྟ་བུར་ཆ་བཞག་ན། འཛམ་བུ་གླིང་འདིའི་ནང་བཙན་བྱོལ་བ་གཞན་དང་མི་འདྲ་བར་དམིབས་བསལ་ཅན་ཞིག་ཆགས་ཡོད། ང་ཚོ་བོད་པ་ཚོས་རྒྱུ་དངོས་པོའི་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བསྐྲུན་ཐུབ་པའི་ནུས་པ་མེད་ཀྱང་། ནང་བསམ་བློ་ཡར་རྒྱས་གཏོང་རྒྱུ་ཐད་ཏན་ཏན་ཕན་ཐོགས་བསྐྲུན་ཐུབ་ཅེས་བཀའ་གནང་སོང་།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་འགྲོའི་བཀའ་ཆོས་གནང་བའི་སྐབས། རིག་པའི་ལམ་ནས་གཏན་ལ་ཕབ་རྒྱུ་ཡོད་པའི་དཔལ་ནཱ་ལེན་དྲའི་ཆོས་བརྒྱུད་དང་འབྲེལ་བའི་བོད་ཀྱི་རིག་གཞུང་དེ་ནི་ཐུན་མོང་མ་པ་ཡིན་ཞིང་། ལྷག་པར་དུ་ལེགས་སྦྱར་ནང་ཡོད་པའི་མིང་ཚིག་དེ་ཚོ་བོད་སྐད་ནང་ཆ་ཚང་བ་ཞིག་ཡོད་པ་དེ་ང་ཚོས་རྒྱུན་འཛིན་བྱ་དགོས། དེང་སྐབས་ནཱ་ལེན་དྲའི་རིག་གཞུང་ལ་སློབ་སྦྱོང་གཏིང་ཟབ་པོ་བྱ་དགོས་ན། བོད་སྐད་ལ་ངེས་པར་དུ་དོ་སྣང་བྱ་དགོས་པའི་གནས་སུ་གྱུར་ཡོད། འབྱུང་འགྱུར་རྒྱ་ནག་དང་བོད་གཉིས་འཆམ་མཐུན་ངང་གནས་ཐུབ་པ་ཡིན་ན། ང་ཚོས་རྒྱ་ནག་གི་ནང་པ་ཚོར་ཞལ་འདེབས་སྒྲུབ་ཐུབ་པའི་རེ་བ་ཡོད་ཅེས་བཀའ་གནང་སོང་།
ཡང་སྐབས་དེར་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྷེང་ལོར་བོད་ཁྱིམ་མཐོ་རིམ་སློབ་མའི་སྡོད་ཁང་གི་སློབ་མ་ལྷ་མོ་སྐྱབས་ལགས་ཀྱིས། ༧གོང་ས་མཆོག་ལ་རང་ངོས་ནས་ལྷག་བསམ་རྣམ་དག་གི་བྱ་བ་སྒྲུབ་བཞིན་པའི་སྐབས། གཞན་གྱི་བྱ་སྤྱོད་ངན་པར་བརྟེན་ནས་སྐབས་རེར་སེམས་ཤུགས་ཆགས་པ་ལ་སོགས་པའི་གནས་ཚུལ་ལྷག་སྐབས་གདོང་ལེན་ཇི་ལྟར་གནང་དགོས་པའི་སྐོར་ལམ་སྟོན་ཞུས་པར། ༧གོང་ས་མཆོག་གིས། སྐབས་རེར་སོ་སོ་སེམས་ཤུགས་ཆགས་པའི་གནས་ཚུལ་རིགས་ལྷག་པའི་སྐབས། སྔོན་ལ་རྒྱུ་རྐྱེན་ཐད་ལ་ངེས་པར་དུ་བསམ་བློ་གཏོང་དགོས་ལ། རྒྱུ་མཚན་མེད་པའི་ཐོག་ནས་སོ་སོར་མཐོང་ཆུང་བྱས་པ་ཡིན་ཚེ། དེ་ནི་སྙིང་རྗེ་སྐྱེས་འོས་པའི་ཡུལ་ཞིག་ཡིན་ཞེས་བཀའ་གནང་སོང་།
ད་རེས་བཀའ་ཆོས་སྤྱི་ཚེས་༦ཉིན་བར་ཉིན་གསུམ་རིང་གནང་རྒྱུ་ཡིན་པ་དང་། བཀའ་ཆོས་དེ་བཞིན་དབྱིན་སྐད་དང་། རྒྱ་གར་སྐད། བལ་ཡུལ་སྐད། རྒྱ་ནག ཧྥ་རན་སི། ར་ཤི་ཡ། སི་པེན། ཝི་ཏི་ནམ། ཉི་འོང་། སོག་པོ། ཀོ་རི་ཡ། འཇར་མན། པོར་ཇུ་གྷལ། ཨི་ཊ་ལིའི་བཅས་ཀྱི་སྐད་རིགས་ནང་གསུང་བསྒྱུར་གྱིས་༧གོང་ས་མཆོག་གི་དྲ་ཚིགས་དང་ངོ་དེབ་སོགས་ཀྱི་བརྒྱུད་ཐད་གཏོང་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎