༧གོང་ས་མཆོག་ནས་སྒོར་འབུམ་ ༡༠ ཞལ་འདེབས།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་སྐྱ་གྲིབ་ཀྱི་སྨན་བཅོས་གནང་ཡུལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་སྐད་གྲགས་ཆེ་བའི་AIIMS སྨན་ཁང་གི་མིག་སྨན་བཅོས་སྡེ་ཚན་ལ་རྒྱ་གར་གྱི་སྒོར་མོ་འབུམ་༡༠ ཡི་ཞལ་འདེབས་གསོལ་སྕལ་གནང་ཡོད་པ་རེད།

2012.07.27

༄༅།    །རྒྱ་གར་གྱི་ DNA ཞེས་པའི་གསར་ཁང་ནས་ཁ་སང་སྤེལ་བའི་གནས་ཚུལ་ལྟར་ན།    AIIMS ཞེས་པའི་རྒྱ་གར་རྒྱལ་ཡོངས་སྨན་བཅོས་སློབ་གཉེར་ཁང་གི་འབྲེལ་ཡོད་འགོ་འཛིན་སྨན་པ་Rajvaedhan Azad ཡིས་གསུང་དོན། ཁ་སྔོན་ཕྱི་ཟླ་དྲུག་པའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྨན་ཁང་དུ་བརྟག་དཔྱད་ཆེད་ཕེབས་པའི་སྐབས། སྤྱན་གཉིས་ཀར་སྐྱ་གྲིབ་སྨན་བཅོས་གནང་བས་མ་ཟད། ༧གོང་ས་མཆོག་ནས་སྨན་ཁང་དེར་སྨན་བཅོས་གནང་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་གནང་གི་འདུག   སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྨན་ཁང་དེའི་མིག་སྨན་བཅོས་སྡེ་ཚན་ལ་གནང་བའི་ཞལ་འདེབས་ཀྱི་མ་དངུལ་དེ་རྣམས་སྨན་པ་སློབ་སྦྱོང་བྱེད་མཁན་གྱི་སློབ་ཡོན་དང༌དེ་མིན་གྱི་སྨན་གྱི་སློབ་ཕྲུག་ཚོའི་ཤེས་ཡོན། དེ་བཞིན་སྨན་པ་བགྲེས་པ་དང་གཞོན་པ་ཚོའི་ཕན་བདེའི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།
མིག་སྐྱ་གྲིབ་ནི། མིག་གི་མཐོང་བྱེད་གྲིབ་པ་ཞིག་ཡིན་ཞིང༌། དེ་ནི་སྤྱིར་བཏང་གི་མི་ལོ་རྒན་པའི་ནང་ཡོང་བའི་རྒྱུན་ལྡན་ཞིག་ཡིན་པ་རེད།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཐེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎