པན་ཆེན་རིན་པོ་ཆེ་མཆོག་གི་སྲས་མོར་ཉེན་རྟོག་པས་འདྲི་རྩད།


2014.07.26
པན་ཆེན་རིན་པོ་ཆེ་མཆོག་གི་སྲས་མོར་ཉེན་རྟོག་པས་འདྲི་རྩད། སྲས་མོ་རིག་འཛིན་དབང་མོ་ལགས།
སྲས་མོ་རིག་འཛིན་དབང་མོ་ལགས་ཀྱི་ངོ་དེབ།

༄༅༎དེ་ཡང་ཕྱི་ཟླ་༧པའི་ཚེས་༢༤ཉིན། སྲས་མོ་རིག་འཛིན་དབང་མོ་ལགས་ཀྱིས་གང་ཉིད་ཀྱི་ཞིན་ལཱང་ཝེ་པཱོའི་ཁ་བྱང་ལ་མཐུན་མཐུན་brjwmཞེས་པའི་སྟེང་། མགྲོན་ཁང་དུ་སྡོད་སྐབས། མཚན་མོར་ཉེན་རྟོག་པ་གཉིས་ཀྱིས་སྒོ་བརྡུང་ནས་ནང་ལ་ཡོང་རྗེས། ཞིབ་དཔྱོད་བྱས་པ་མ་ཟད། འདྲི་རྩད་སྣ་ཚོགས་བྱས་བྱུང་ལ། ཚུལ་དེ་ང་ནི་ཉེས་ཅན་པ་ཞིག་ཡིན་པ་དང་འདྲ། ང་ནི་བོད་རིགས་ཤིག་ཡིན་པས་དེ་ལྟར་བྱས་པ་རེད། མགྲོན་ཁང་ནང་ཐོ་འགོད་སྐབས་ཐོབ་ཐང་དཔང་འཁྱེར་སྟེང་བོད་རིགས་ཡིན་པ་བཀོད་ཡོད་པས་ཡིན་ཞེས་བཀོད་འདུག
སྲས་མོ་རིག་འཛིན་དབང་མོ་འཁྲུངས་ནས་ཉིན་བརྒྱ་ལོན་དུས། རྒྱ་ནག་གི་སྲིད་བློན་དམ་པ་ཀྲུག་ཨེན་ལའེ་ཡི་གཟའ་ཟླ་ཏིང་ཡིང་ཁྲོ་དང་། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞཱི་ཅིན་ཕེང་གི་ཨ་ཕ་ཞཱི་ཀྲུང་ཞོང་གཉིས་བཀྲ་ཤིས་རྟེན་འབྲེལ་ཞུ་ཆེད་ཁོང་ཚང་ལ་ཡོང་ནས། ཏིང་ཡོང་ཁྲོ་ཡིས་རང་ཉིད་ལ་མཐུན་མཐུན་ཞེས་རྒྱ་མིང་དེ་བཏགས་ནས། བོད་རྒྱ་མི་རིགས་གཉིས་མཐུན་སྒྲིལ་འཆམ་མཐུན་ཡོང་རྒྱུའི་སྨོན་འདུན་ཞུས་ཚུལ་རིག་འཛིན་དབང་མོ་ལགས་ཀྱིས་དེ་སྔོན་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ན་ཡོད་པའི་ཨ་མེ་རི་ཀ་སློབ་གྲྭ་ཆེན་མོར་སློབ་སྦྱོང་གནང་སྐབས་འགྲེལ་བརྗོད་གནང་འདུག
དེ་མིན་སྲས་མོ་རིག་འཛིན་དབང་མོ་ལགས་ཀྱིས་མུ་མཐུད་དུ་དོགས་འདྲིའི་ཚུལ་གྱིས། མི་རིགས་༥༦མཐུན་སྒྲིལ་འཆམ་མཐུན་ཡོང་དགོས་ཞེས་བརྗོད་ཀྱིན་པ་མ་ཡིན་ནམ། འདི་འདྲ་བྱེད་དགོས་སམ་ཞེས་ཀྱང་ཁོང་གི་ཝེ་པཱོ་ཡིས་སྟེང་བཀོད་འདུག
རྒྱ་ནག་གི་ཉེན་རྟོག་ལས་ཁང་གིས་གྲོང་ཁྱེར་ཁག་ཏུ་བརྡ་སྦྱོར་བཀྲམས་ནས། བོད་རིགས་དང་ཡུ་གུར་བ་ཞག་སྡོད་བྱས་ཚེ། ངེས་པར་དུ་ཉེན་རྟོག་ལས་ཁུང་ལ་གོང་ཞུ་བྱེད་དགོས་ལུགས་བཀའ་བཏང་ཡོད་པ་མ་ཟད། ད་དུང་གཏོགས་ཡུལ་གྲོང་སྡེ་ན་ཡུ་གུར་བ་ཡོད་པ་གོང་གཏུག་བྱེད་མཁན་ཡོད་ན་དེ་ལ་སྒོར་༥༠༠ཡི་བྱ་དགའ་ཡོད་ཅེས་ཀྱང་བསྒྲགས་ཡོད་ལུགས་བོད་མོ་རྩོམ་པ་པོ་འོད་ཟེར་ གྱི་ཟིན་བྲིས་སྟེང་བཀོད་འདུག
སྲས་མོ་རིག་འཛིན་དབང་མོ་ལགས་ནི་ཡབ་ཀུན་གཟིགས་པན་ཆེན་བཅུ་བ་མཆོག་དང་ཡུམ་རྒྱ་ནག་གི་དམག་དཔོན་ཏོང་ཆས་བཱའོ་ཡི་ཚ་མོ་ལཱི་ཅཱི་གཉིས་ཀྱི་སྲས་མོར་འཁྲུངས་ཤིང་། ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོ་མཆོག་ཕྱི་ལོ་༡༩༨༩ལོའི་ཟླ་༡ཚེས་༢༨ཉིན་གཙང་བཀྲ་ཤིས་ལྷུན་པོར་གློ་བུར་དུ་དགོངས་པ་རྫོགས་ཡོད་པས། མི་རྣམས་ཀྱིས་ཁོང་ནི་རྒྱ་ནག་གཞུང་གིས་དུག་དྲངས་ནས་བཀྲོངས་པར་དོགས་པ་ཟས་ཡོད།།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎