པ་ཀི་སི་ཐན་ནང་འབར་རྫས་གས་གཏོར་ཚབས་ཆེ་བྱུང་ཡོད་པ།

འབར་རྫས་གས་གཏོར་བྱུང་རྗེས་པ་ཀི་སི་ཐན་གྱི་སྲུང་སྐྱོབ་དང་གྱེན་ལོག་པར་གདོང་ལེན་བྱ་རྒྱུའི་ནུས་པ་ཇི་ཙམ་ཡོད་མེད་དོགས་གཞིར་གྱུར་ཡོད་འདུག
2008-09-21
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎པ་ཀི་སི་ཐན་གྱི་རྒྱལ་སའི་ནང་རྒྱལ་སྤྱིའི་མགྲོན་ཆེན་ཞིག་ནང་འབར་རྫས་གས་གཏོར་ཚབས་ཆེ་བྱས་པས་དེས་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་གྱེན་ལོག་པར་གདོང་ལེན་བྱ་རྒྱུའི་ནུས་པ་ཇི་ཙམ་ཡོད་མེད་དོགས་གཞིའི་རང་བཞིན་དུ་གྱུར་ཡོད་འདུག

རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ཨི་སི་ལ་མ་སྦད་ནང་རྒྱ་རིགས་གཙོས་པའི་ཕྱི་ནང་དཔོན་རིགས་འདུ་འཛོམས་གནང་ཡུལ་ལྟེ་བ་མེ་རི་ཡཊི་མགྲོན་ཁང་གི་སྒོ་འགྲམ་དུ་འབར་རྫས་ཧ་ཅང་ཆེན་པོ་ཞིག་གས་གཏོར་གྱི་དོན་རྐྱེན་ནང་མི་དྲུག་ཅུ་ཙམ་རྐྱེན་ལམ་དུ་ཕྱིན་པའི་གྲས་སུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཨའེ་ལྦོ་རྡ་རེཁ་གཙོས་པའི་ཕྱི་རྒྱལ་མི་སྣ་གསུམ་ཡོད་པ་དང་དེ་མིན་མི་གྲངས་ཉི་བརྒྱ་བདུན་ཅུ་རྨས་ཡོད་འདུག

དྲག་རྒོལ་བྱེད་མཁན་ཨེལ་ཁེ་ཏ་དྲག་སྤྱོད་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

བར་ལམ་ནས་རྒྱལ་ཁབ་ནང་སྲུང་སྐྱོབ་དང་བདེ་འཇགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་རྣམ་པར་ཉིན་ལྟར་དྲག་རྒོལ་ཆེ་ཆུང་སྣ་ཚོགས་ཤིག་ཡོང་གི་ཡོད་ལུགས་ཡུལ་དེའི་དབུས་གསང་བའི་འགན་འཛིན་ཟུར་པ་མ་སུརྡ་ཤ་རིཕ་ཡིས་གསུངས་གནང་འདུག དྲག་རྒོལ་དེ་བཞིན་ཁ་ཆེའི་དུས་ཆེན་ར་མ་རྡན་མཇུག་སྒྲིལ་གྱི་ཕྱི་དྲོ་ཉེན་སྲུང་མི་སྣ་རྣམས་ཕྱི་དྲོའི་ཞལ་ལག་བཞེས་བཞིན་པའི་དུས་སྐབས་བྱས་ཡོད་འདུག ཡུལ་དེའི་དྲག་པོའི་སྲིད་འཛིན་མུ་ཤ་རཕ་གནས་དབྱུངས་བཏང་བའི་རྗེས་སུ་དྲག་རྒོལ་དེ་རིགས་ཇེ་མང་ཕྱིན་ཡོད་པ་དེ་ད་ཆ་དམངས་གཙོའི་གཞུང་འཛིན་གསར་པའི་དཀའ་ངལ་ཆེ་ཤོས་དེ་ཆགས་ཡོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།