བོད་དབུས་ཕྱོགས་ལྷུན་རྩེ་རྫོང་ནང་གངས་སྐྱོན་གནས་ཚུལ།

བོད་དབུས་ཕྱོགས་ལྷུན་རྩེ་རྫོང་ནང་ཉེ་ལམ་གངས་ཆེན་པོ་འབབ་པའི་འབྱུང་བའི་རྐྱེན་ངན་ནང་ད་བར་མི་གྲངས་བདུན་གྱི་ཚེ་སྲོག་ཤོར་ཡོད་པའི་སྐོར།
2008-10-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་དབུས་ཕྱོགས་ལྷུན་རྩེ་རྫོང་ནང་ཉེ་ལམ་གངས་ཆེན་པོ་འབབ་པའི་འབྱུང་བའི་རྐྱེན་ངན་ནང་ད་བར་མི་གྲངས་བདུན་གྱི་ཚེ་སྲོག་ཤོར་བ་དང་ཡང་སྒོ་ཕྱུག་སེམས་ཅན་ཆིག་འབུམ་བཞི་ཁྲི་ཙམ་འཆི་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་རྒྱ་ནག་གཞུང་གཉེར་ཤིན་ཧའ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ལྷུན་རྩེ་རྫོང་གི་ཁྱབ་ཁོངས་སུ་ཡོད་པའི་ས་ཁུལ་ཁག་གི་ནང་འདི་ཚེས་ཉི་ཤུ་དྲུག་ནས་བཟུང་ཆུ་ཚོད་སུམ་ཅུ་སོ་དྲུག་རིང་གངས་མུ་མཐུད་འབབ་ཏེ་ཡུལ་མིའི་སྡོད་ཁྱིམ་མང་པོ་རྡིབ་སྐྱོན་བྱུང་བ་དང་དེ་བཞིན་ཡུལ་གྲུ་ཕན་ཚུན་དབར་འགྲུལ་བསྐྱོད་བྱེད་མཁན་ཆེས་མང་པོ་གཞུང་ལམ་ཁག་ཏུ་འགག་པའི་གནས་ཚུལ་བྱུང་ཡོད་པར་ད་ཆ་ས་གནས་གཞུང་གིས་དཀའ་ངལ་ནང་ལྷུང་བའི་མི་ཚོ་སྐྱོབ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད་སྐོར་དང་ཡང་ཁང་ཁྱིམ་རྡིབ་ཏེ་སྡོད་གནས་དང་བྲལ་བའི་མི་མང་ཆིག་སྟོང་གསུམ་བརྒྱ་ཙམ་ཞིག་ཡོད་པའི་ཁོངས་ནས་མང་ཆེ་བ་རྩད་གཅོད་ཐུབ་ཏེ་སློབ་གྲྭ་དང་གཞུང་གི་བདག་དབང་འོག་ཡོད་པའི་ཁང་པའི་ནང་འཇོག་འགོ་ཚུགས་ཡོད་ཀྱང་དེ་དག་ནས་མི་གྲངས་ཉི་བརྒྱ་བརྒྱད་ཅུ་ཙམ་ཞིག་དུས་ད་ལྟའང་ཉེན་སྐྱོབ་མ་ཐུབ་པར་ལུས་ཡོད་པ་དང་ཡང་མི་སྣ་ཁག་ཅིག་འགྲུལ་བསྐྱོད་བྱེད་པའི་སྐབས་གཞུང་ལམ་དུ་ལྷག་ཏེ་ད་ལྟའང་རྩད་རྙེད་ཐུབ་ཀྱི་མེད་པའི་འགྲེལ་བརྗོད་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།