ཕྱིའི་གསར་འགོད་པས་བཙན་བྱོལ་བོད་ཀྱི་གནས་སྟངས་ལ་དཔྱད་པ།

2016-08-25
གློག་འཕྲིན།
མཆན།
Share
པར་བཀོད།
བཞུགས་སྒར་རྡ་རམ་སཱ་ལ།
བཞུགས་སྒར་རྡ་རམ་སཱ་ལ།
དྲ་བཤུས།

བོད་རང་བཙན་ལེན་མིན་སྐོར་གླེང་དུས་བོད་ཀྱི་གཞོན་སྐྱེས་ཚོས་གདམ་ཀ་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་པ་རེད་ཅེས་བརྗོད་འདུག
དེ་ཡང་རྩོམ་པ་པོ་Ranjuaery Dhadwal་ཞུ་བ་ཞིག་གིས་NewsGram་གསར་ཁང་གི་དྲ་ཐོག་ཏུ། སྤྱི་ཚེས་༢༤་ཉིན་འགོ་བརྗོད་དུ་བོད་ལ་རང་བཙན་ལེན་མིན་སྐོར་ལ་གླེང་དུས་བོད་ཀྱི་གཞོན་སྐྱེས་ཚོས་གདམ་ཀ་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་པ་རེད་ཅེས་བཀོད་པའི་དཔྱད་རྩོམ་ཞིག་སྤེལ་ཡོད་ཅིང་། དེའི་ནང་ཁོང་གིས་བཞུགས་སྒར་རྡ་རམ་ས་ལ་རུ་གནས་བཞུགས་བོད་རིགས་ཕ་མ་ཚོས་རྒྱ་གར་སྐད་ཤོད་མཁན་གྱི་རང་གི་ཕྲུ་གུ་ཚོ་རྒྱ་གར་བ་ལྟ་བུར་འགྱུར་བཞིན་པར་སེམས་འཚབ་དང་མཉམ་དུ། བོད་ནས་ཡོང་མཁན་གཞོན་སྐྱེས་ཚོས་རྡ་རམ་སཱ་ལའི་སྤྱི་ཚོགས་ནང་ཚུད་ཐུབ་ཐབས་ལ་འབད་བརྩོན་བྱེད་བཞིན་པའི་གནས་སྟངས་ཡིན་ལ། སྤྱིར་བཏང་གལ་སྲིད་བོད་ལ་ད་ལྟ་རང་བཙན་ཞིག་ཐོབ་ཚེ། དབྱིན་སྐད་ཤོད་མཁན་མི་རབས་གསར་པ་ཚོས་ཁོ་ཚོ་རང་གི་བོད་རྒྱལ་ཁབ་དུ་ཕྱིར་ལོག་རྒྱུའི་འདམ་ཀ་བྱེད་དམ། མི་རབས་རྒན་པ་ཚོའི་ཀླད་པའི་ནང་དྲི་བ་འདི་ནི་བསྐྱར་ནས་བསྐྱར་དུ་འཁོར་བཞིན་ཡོད་ཅེས་བརྗོད་འདུག
ཡང་གསར་འགོད་པས་མུ་མཐུད་དུ། ས་གནས་འགོ་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་རིགས་གཞོན་སྐྱེས་ཚོ་དེང་སང་དངུལ་ལ་དོ་སྣང་ཇེ་ཆེ་འགྲོ་བཞིན་ཡོད་སྟབས། བོད་དུ་ཕྱིར་ལོག་བསམ་པའི་དམིགས་ཡུལ་དེ་དོར་འགྲོ་བ་ལྟ་བུ་ཞིག་ཆགས་བཞིན་ཡོད་ཅིང་། དེར་བརྟེན་ཁོང་གིས་བོད་རིགས་ཁྱིམ་ཚང་དག་ལ་སོ་སོའི་ཕྲུ་གུ་ཚོར་བོད་སྐད་བརྒྱབ་འཇུག་དགོས་པ་མ་ཟད། ཁོ་ཚོ་གང་ནས་ཡོང་བ་ཡིད་ལ་འཇོག་ཐུབ་པ་བྱ་དགོས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་ཡོད་ལུགས་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཚེ་བརྟན་ནོར་བུ་ལགས་ཀྱིས་ཀྱང་། དེ་ནི་ཡང་གཞོན་ལྷན་ཀྱི་ལས་འགན་ཆེ་ཤོས་དེ་རེད་ཅེས་བརྗོད་ཡོད་པ་མུ་མཐུད་དུ་ལུང་དྲངས་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།  

མཆན། (0)
Share
དྲ་གནས་ཆ་ཚང༌།