དགེ་ལེགས་རིན་པོ་ཆེ་དགོངས་པ་རྫོགས་འདུག


2017.02.15
དགེ་ལེཊ་རིན་པོ་ཆེའམ་མཚན་གཞན་ལ་ཉག་རེ་མཁན་སྤྲུལ་མཆོག 2014 དགེ་ལེཊ་རིན་པོ་ཆེའམ་མཚན་གཞན་ལ་ཉག་རེ་མཁན་སྤྲུལ་མཆོག 2014
Lhuboom

དགེ་ལེཊ་རིན་པོ་ཆེའམ་མཚན་གཞན་ལ་ཉག་རེ་མཁན་སྤྲུལ་མཆོག་ཨ་རིའི་མི་ཆི་གྷན་མངའ་སྡེའི་(Ann Arbor)་ནང་དགོངས་པ་རྫོཊ་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་༢་ཚེས་༡༥་སྔ་དྲོ་དགེ་ལེགས་རིན་པོ་ཆེ་ཨ་རིའི་མི་ཆི་གྷན་མངའ་སྡེའི་Ann Arbor་ནང་དགོངས་པ་རྫོགས་ཡོད་པ་དང་། དགེ་ལེགས་རིན་པོ་ཆེའི་མཚན་གཞན་ལ་ཉག་རེ་མཁན་སྤྲུལ་ཡང་ཞུ་གི་ཡོད་ཅིང་། ཁོང་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་པའི་སྐུ་ཞིག་ཡིན་པ་དང་ཨ་མི་རི་ཀའི་ནང་The Jewel Heart་ཅེས་པ་བོད་ཀྱི་ཆོས་དང་རིག་གཞུང་སློབ་གཉེར་ཁང་ཞེས་པ་ཞིག་ཆེད་བཙུགས་གནང་སྟེ་རྒྱུན་རིང་སློབ་ཁྲིད་གནང་སྟེ་བཞུགས་ཡོད་པ་རེད།
དགེ་ལེགས་རིན་པོ་ཆེ་ཕྱི་ལོ་༡༩༣༩་ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་ཁྲི་སྟོན་དང་སློབ་གཉེར་གནང་ཡོད་ལ། ཕྱི་ལོ་༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་ལྡི་ལི་བོད་ཁང་གི་འགན་འཛིན་གྱི་ཕྱག་ལས་གནང་ཡོད་པ་རེད། ཁོང་གིས་ལོ་རབས་བརྒྱད་བཅུའི་ནང་ཆེད་བཙུགས་གནང་པའི་Jewel Heart རྒྱལ་སྤྱིའི་ལྟེ་གནས་ཁང་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ནང་ཆོས་གཞུང་ལུགས་ཀྱི་ནང་དོན་ཁག་མི་སྒེར་སོ་སོའི་མི་ཚེའི་ནང་ལག་ལེན་དུ་འཁེལ་ཐབས་ཡིན་འདུག་ཅིང་། ཚོགས་པ་དེའི་ཚོགས་མིའི་ཁོངས་སུ་ཨ་རིའི་ཤེས་ཡོན་ཅན་པ་སྒྱུ་རྩལ་བ་Amy Hertz་དང་ Jonathan Rose, Richard Gere་དང་Philip Glass་སོགས་ཡོད་འདུག

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎