ཨ་རིའི་མང་གཙོ་ཚོགས་པའི་ལྷན་ཚོགས་གནང་བཞིན་པ།

2016-07-26
གློག་འཕྲིན།
མཆན།
Share
པར་བཀོད།
ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་འོས་མིར་བཞེངས་མཁན་སྐུ་ཞབས་Bernie Sanders་མཆོག་གིས་གཏམ་བཤད་གནང་བཞིན་པ། ༢༠༡༦།༧།༢༤
ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་འོས་མིར་བཞེངས་མཁན་སྐུ་ཞབས་Bernie Sanders་མཆོག་གིས་གཏམ་བཤད་གནང་བཞིན་པ། ༢༠༡༦།༧།༢༤
དྲ་བཤུས།

ཨ་རིའི་མང་གཙོ་ཚོགས་པའི་ལྷན་ཚོགས་སྐབས་Bernie Sander་མཆོག་དང་། ལྕམ་Michelle Obama་རྣམ་གཉིས་ཀྱི་གཙོས་གནད་ཡོད་ཁག་ཅིག་ནས་གསུང་བཤད་གནང་ཡོད་པ་རེད།
དེང་སང་ཨ་རིའི་ནང་སྲིད་འཛིན་གསར་པའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པའི་སྐབས་འདིར་། ཨ་རིའི་རྒྱལ་ཁབ་ཀྱི་ལམ་སྲོལ་བཞིན་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་སུ་ཡིན་དངོས་སུ་ཚོགས་པའི་ངོས་ནས་མཐའ་མའི་དྲིལ་བསྒྲགས་གནང་རྒྱུའི་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་གི་ཡོད་པ་ལྟར་། བདུན་ཕྲག་སྔོན་མའི་ནང་། ཨ་རིའི་སྤྱི་མཐུན་ཚོགས་པའི་ལྷན་ཚོགས་ཐོག་ནས་སྲིད་འཛིན་འོས་མིར་Donald Trump་མཆོག་གསལ་བསྒྲགས་གནང་ཡོད་པ་དང་། འདི་ཚེས་༢༤་ཉིན་གྲོང་ཁྱེར་ Philadelphia་ནང་། མང་གཙོ་ཚོགས་པའི་ལྷན་ཚོགས་འགོ་བཙུགས་གནང་ཡོད་པ་རེད།
སྤྱི་མཐུན་ཚོགས་པའི་ལྷན་ཚོགས་སྐབས་དང་མི་འདྲ་བར་མང་གཙོ་ཚོགས་པའི་ལྷན་ཚོགས་སུ་མི་མཐུན་པའི་གནས་ཚུལ་ཧ་ཅང་ཆེན་པོ་མི་ཡོང་བའི་རེ་བ་དང་ཚོད་དཔག་བྱས་ཡོད་ཀྱང་། ཁ་ས་དགོང་དྲོ་ལྷན་ཚོགས་བསྐྱངས་ཡུལ་ཚོགས་ཁང་ཕྱི་རོལ་དུ་དེ་སྔོན་སྲིད་འཛིན་འོས་མིར་བཞེངས་མཁན་སྐུ་ཞབས་Bernie Sanders་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་བརྒྱ་ཕྲག་འགའ་ཤས་ནས་ལག་ཏུ་ཕྲེད་དར་ཁྱེར་ནས་སྐད་འབོད་རྒྱབ་ནས་ངོ་རྒོལ་བྱས་ཡོད་པ་མ་ཟད། ཚོགས་ཁང་ནང་དུའང་སྐད་ཅོར་རྒྱབ་པ་སོགས་བྱས་ཡོད་འདུག
དེ་ཡང་སྐུ་ཞབས་སན་དྲར་མཆོག་ནས་འོས་མི་ཕྱིར་འཐེན་གནང་སྟེ་ལྕམ་ཧི་ལ་རི་ཁི་ལན་དྲན་མཆོག་ལ་རྒྱབ་སྐྱོར་གནང་རྒྱུའི་གསུང་བཤད་གནང་བའི་སྐབས་སུ། ཁོང་རང་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་འགའ་ཤས་ནས་སྐད་ཅོར་རྒྱབ་འདུག གང་ལྟར་ངོ་རྒོལ་བྱེད་མཁན་ཁག་ཅིག་ཡོད་མིན་མ་ལྟོས་པར་ཁོང་གིས། ལྕམ་Hillary Clinton་གྱི་དགོངས་པ་བཞེས་སྟངས་དང་། འགོ་འཁྲིད་རྒྱུའི་ཕྱག་ལས་གནང་སྟངས་ཀྱི་ཐོག་ནས་ཁོང་ལ་རྒྱབ་སྐྱོར་ཞུ་གི་ཡོད་ལ་ཁོང་གིས་སྲིད་འཛིན་ཡང་དག་པ་ཞིག་གནང་གི་རེད་ཅེས་བསྔགས་བརྗོད་ཞུས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཁ་སའི་ལྷན་ཚོགས་སྐབས་སྲིད་འཛིན་ལས་ཐོག་Barrack Obama མཆོག་གི་སྐུ་ཟླ་ལྕམ་མི་ཤལ་ཨོ་བྷ་མཆོག་གིས་ཀྱང་གསུང་བཤད་གནང་བའི་ནང་། ཨ་རིའི་ལོ་རྒྱུས་ནང་མི་རིགས་ནག་པོ་ཞིག་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་དང་། མི་རིགས་ནག་པོའི་བོུ་གཉིས་སྲིད་འཛིན་ཕོ་བྲང་དུ་འཚར་ལོངས་བྱེད་རྒྱུའི་གོ་སྐབས་བྱུང་ཡོད་པ་ལྟར། ད་ཆ་ཨ་རིའི་སྲིད་འཛིན་བུད་མེད་ཅིག་ཆགས་རྒྱུར་ངེས་པ་རེད་ཅེས་གསུངས་ནས་ཁོང་ལ་རྒྱབ་སྐྱོར་ཡོད་ལུགས་གསུངས་ཡོད་པ་རེད།
ལྷན་ཚོགས་འདི་བཞིན་ཁ་ས་གཟའ་ཟླ་བ་ནས་འགོ་བཙུགས་ཏེ་ཉིན་གྲངས་བཞིའི་རིང་ཚོགས་ནས་ཉིན་མཐའ་མར་ལྕམ་ཧི་ལ་རི་ཁི་ལན་དྲན་མཆོག་ལ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་དངོས་སུ་བསྐོ་འདེམས་གསལ་བསྒྲགས་གནང་རྒྱུ་ཡིན་འདུག         

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།