བཙན་བྱོལ་ནང་སློབ་དེབ་བསྐྱར་ཞིབ་དང་འབྲེལ་བའི་ཟབ་སྦྱོང་གནང་བ།


2015.11.05
ལྷོ་གཞིས་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན་ཟབ་སྦྱོང་སྐབས། ༢༠༡༥།༡༡ ལྷོ་གཞིས་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན་ཟབ་སྦྱོང་སྐབས། ༢༠༡༥།༡༡
tibet.net

བཙན་བྱོལ་ནང་སློབ་དེབ་བསྐྱར་ཞིབ་དང་འབྲེལ་བའི་ཟབ་སྦྱོང་གནང་བ་དང་ཤེས་རིག་བཀའ་བློན་མཆོག་ཐེ་ལན་ཊིར་ཕྱོགས་ཕེབས་གནང་བ།
དེ་ཡང་ཚེས་༤ཉིན། བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་བཀོད་སྤེལ་བྱས་པར་གཞིགས་ན། ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་། བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་སློབ་དེབ་བསྐྱར་ཞིབ་དང་། རྩོམ་སྒྲིག དཔར་འགྲེམས་སོགས་བྱས་དང་བྱེད་མུས་ཐོག འདི་ལོ་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་དང་། འཛིན་རིམ་དང་པོ་དང་གསུམ་པའི་ཨང་རྩིས་སློབ་དེབ། འཛིན་རིམ་གསུམ་པའི་སྤྱི་ཚོགས་ཚན་རིག་སོགས་སློབ་དེབ་གསར་པ་ཁག་ཅིག་སློབ་ཁྲིད་ལག་བསྟར་གནང་འགོ་བཙུགས་ཡོད།
དེ་ལྟར་སློབ་དེབ་གསར་པ་དེ་དག་གི་ནང་དོན་ངོ་སྤྲོད་དང་། སློབ་ཁྲིད་བྱ་ཐབས་སོགས་ཀྱི་ཆེད་དུ། ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་གཉིས་ཀྱིས། ཕྱི་ཚེས༢༦ནས་༢༨བར་ཉིན་གྲངས་གསུམ་རིང་། རྒྱ་གར་ལྷོ་ཕྱོགས་Bulakyppeགཞིས་ཆགས་སུ། ས་སྐྱ་དགོན་པའི་ཚོགས་ཁང་དུ། བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ཀོ་ལི་གྷལ་དང་། ཧུན་སུར། བྷེལ་ཀོབ་དབུས་སློབ། བྷེལ་ཀོབ་བདེ་སྐྱིད་སླར་གཞིས་སློབ། བྷེལ་ཀོབ་བོད་ཁྱིམ། སམ་བྷོ་ཊ་ཁྱབ་ཁོངས་ཀྱི་གཏན་སློབ་དང་། ཉིན་སློབ་ཁག་གི་གཞི་རིམ་འོག་མའི་བོད་དགེ་ཁྱོན་བསྡོམས་ཉི་ཤུ་ལ་རྒྱུས་སྟོན་ཟབ་སྦྱོང་ཞིག་གོ་སྒྲིག་གནང་འདུག
དེ་བཞིན་ཕྱི་ཟླ་༡༡ཚེས་༢ནས་༤བར་ཉིན་གསུམ་ལ་མོན་གྷོ་ཊི་ཡི་གཞིས་སློབ་ཁག་གི་དགེ་རྒན་བཅུ་གཅིག་ལ་རྒྱུས་སྟོན་གནང་ཡོད་འདུག
ཡང་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ནང་། ཉེ་ཆར་Asia Instutute of Technologyཞེས་Thailandནང་རྟེན་གཞི་བྱས་པའི་ཨེ་ཤེ་ཡའི་བཟོ་ལས་སློབ་གཉེར་ལྟེ་གནས་ཁང་གི་མགྲོན་འབོད་གནང་པ་བཞིན་ བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས། (Thailand) ནང་ཕྱོགས་ཕེབས་གནང་སྟེ་སློབ་གཉེར་ཁང་དེའི་གཙོ་འཛིན་སྐུ་ཞབས་Nokulchal གཙོས་པའི་ལས་བྱེད་དང་། དགེ་རྒན་ཆེན་མོ་བ་ཁག་གཅིག་དང་ལྷན་དུ་མཇལ་འཕྲད་གནང་འདུག མཇལ་འཕྲད་སྐབས་སློབ་གཉེར་ཁང་དང་ཤེས་རིག་ལས་ཁུངས་དབར་མ་འོངས་བཟུང་འབྲེལ་གྱི་ལས་དོན་སྤེལ་རྒྱུའི་དམིགས་ས་ཇི་ཡོད་ཐད་གྲོས་བསྡུར་གནང་འདུག
དེ་བཞིན་ཤེས་རིག་བཀའ་བློན་མཆོག་ནས་བཟོ་ལས་སློབ་གཉེར་ཁང་དེའི་ནང་། བོད་པའི་སློབ་ཕྲུག་སློབ་གཉེར་གནང་རྒྱུའི་གོ་སྐབས་འབྱུང་ཐབས་གླེང་སློབ་ཞུས་པར་སློབ་གཉེར་ཁང་གི་གཙོ་འཛིན་ནས་གང་ཐུབ་དགོངས་བཞེས་གནང་རྒྱུ་ཡིན་པ་གསུང་འདུག
དེ་བཞིན་ད་རེས་ཀྱི་ཕྱོགས་བསྐྱོད་འདིའི་སྐབས་ཤེས་རིག་བཀའ་བློན་མཆོག་ནས་ Thailandནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་བྱིས་པའི་ཤེས་ཡོན་ཐེབས་རྩ་ཁང་གི་ཨེ་ཤེ་ཡ་ཁུལ་གྱི་སློབ་སྟོན་པ་ལྷན་དང་ཡང་མཇལ་འཕྲད་ཞུས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎