བོད་གཞུང་ཆོས་རིག་ལྷན་ཁང་གི་ཆོས་བརྡ་གསལ་བསྒྲགས།

དེ་རིང་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་བདུན་པའི་ཚེས་གཉིས་བར་ཉིན་གྲངས་ལྔའི་རིང་མཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་ཞུ་རྒྱུ།

2009.06.27

༄༅༎བཙན་བྱོལ་བོད་གཞུང་གི་ཆོས་རིག་ལྷན་ཁང་གིས་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་བཅུ་སྟབས་བསྟུན་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཏཱ་གུ་རུའི་འབུམ་ཚོགས་འབུལ་གཤོམ་ཞུ་མུས་ཡིན་པ་གཞིར་བཟུང་ལོ་འདིའི་རིང་གི་མཧཱ་གུ་རུའི་འབུམ་ཚོགས་དེ་ཡང་དེ་རིང་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་བདུན་པའི་ཚེས་གཉིས་བར་ཉིན་གྲངས་ལྔའི་རིང་རྒྱལ་བའི་སྐུ་ཕྱྭ་དང་བོད་དོན་བདེན་མཐའ་གསེལ་ཐབས་སུ་དམིགས་ཏེ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྟོང་ཚར་དང་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་རྣམ་གྲྭ་འདུས་ཚོགས་དང་བཞུགས་སྒར་ཁུལ་དུ་གནས་འཁོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ་དེ་བཞིན་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ་དེ་བཞིན་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ་བཅས་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་ཞུ་རྒྱུ་ཡིན་ཞེས་བཙན་བྱོལ་བོད་གཞུང་གི་ཆོས་རིག་ལྷན་ཁང་གིས་ཟླ་བ་འདིའི་ཚེས་བཅུ་བདུན་ཉིན་ཆོས་བརྡ་གསལ་བསྒྲགས་གནང་ཡོད་པ་བཙན་བྱོལ་བོད་གཞུང་གི་གནས་འཕྲིན་དྲ་རྒྱའི་ཐོག་ལ་གནས་ཚུལ་བཀོད་ཡོད་པ་རེད། སྐབས་དེར་དགེ་འདུན་པ་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་བཞེས་བག་དགེ་འབཙུན་སྔགས་གསུམ་ལ་སྐུ་འགྱེད་བཅས་པ་འབུལ་འདོད་མཆིས་ཚེ་སྔ་དྲོ་དང་ཉིན་རྒྱབ་ཀྱི་ཚོགས་ཐེངས་ཁག་གི་ཕྱག་ཚོད་ཡང་གསལ་བསྒྲགས་གནང་ཡོད་པ་རེད། དགེ་བཙུན་སྔགས་གསུམ་གྱི་ཐོག་ལ་བོད་མི་སེར་སྐྱ་ཡོངས་ནས་རྒྱལ་བའི་སྐུ་ཕྱྭ་དང་བོད་ཀྱི་བསྟན་སྲིད་དོན་དུ་དགོངས་པ་གལ་ཆེར་བཞེས་ཏེ་རང་ཉིད་མཉམ་དུ་ཕྱག་ཏུ་ཕྱག་དཔེ་བསྣམས་ནས་འབུམ་ཚོགས་སུ་ངེས་ཕེབས་ཡོང་བའི་ཆོས་བརྡ་ཡང་གསལ་བསྒྲགས་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎