རྒྱལ་ཁབ་བརྒྱད་ཙམ་ནས་གློག་བརྙན་༢༥་གཟིགས་འབུལ་ཞུ་རྒྱུ།

2019-11-08
གློག་འཕྲིན།
མཆན།
Share
པར་བཀོད།
བཞུགས་སྒར་རྡ་རམ་ས་ལར་DIFFའམ་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བརྒྱད་པ་དབུ་འཛུགས་གནང་འདུག
བཞུགས་སྒར་རྡ་རམ་ས་ལར་DIFFའམ་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བརྒྱད་པ་དབུ་འཛུགས་གནང་འདུག
རི་ཏུ་བསྟན་འཛིན་གྱི་ངོ་དེབ།

དེ་ཡང་ཚེས ༧ ཉིན་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕེབས་ཡོད་པ་དང་ དེ་བཞིན་ཕྱི་ནང་གི་གློག་བརྙན་བཟོ་སྐྲུན་པ་དང་། འཁྲབ་ཁྲིད་མི་སྣ་སོགས་ཁྱོན་མི་གྲངས་གཅིག་སྟོང་བརྒལ་བ་ལྷན་འཛོམས་གནང་ཡོད་འདུག

རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་གནང་མཁན་ཁྲུང་ཁྲུང་དཀར་མོ་གློག་བརྙན་བཟོ་སྐྲུན་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་རི་ཏུ་ས་རིན་ལགས་རྣམ་གཉིས་ཡིན་པ་དང་།  གློག་བརྙན་དུས་སྟོན་ཐེངས་བརྒྱད་པ་དབུ་འབྱེད་ཀྱི་གློག་བརྙན་ཐོག་མ་དེ་རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་ Prateek Vats ལགས་ཀྱིས་ཕབ་བསྐྲུན་གནང་པའི་གློག་བརྙན་Eeb Allay Ooo! ཞེས་པ་དེ་གཟིགས་འབུལ་གནང་འདུག

དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱལ་སྤྱིའི་ཚད་དང་མཉམ་པའི་གློག་བརྙན་དུས་སྟོན་ཞིག་གོ་སྒྲིག་ཞུ་རྒྱུ་ནི་ལས་སླ་པོ་ཞིག་མིན་ནའང་། བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་རི་ཏུ་ས་རིན་ལགས་རྣམ་གཉིས་ཀྱིས་འདས་པའི་ལོ་ཤས་ནང་ཐུགས་འགན་བཞེས་ཐོག་བཞུགས་སྒར་དུ་རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དབུ་འཛུགས་གནང་ནས་ད་ཆ་ཐེངས་བརྒྱད་པ་དེ་ཆགས་ཀྱི་ཡོད་པར་བསྔགས་བརྗོད་ཡོད་ཅེས་གསུངས་བཞག
རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞེས་པ་དེ་ནི།  བཞུགས་སྒར་དུ་ ༢༠༡༢ ལོ་ནས་དབུ་འཛུགས་གནང་པ་ཡོད་པ་དང་། དུས་སྟོན་ཐེངས་བརྒྱད་པ་དེ་ཚེས ༧  ཉིན་དབུ་འཛུགས་ཀྱིས་ཉིན་གྲངས་བཞིའི་རིང་ཚོགས་རྒྱུ་ཡིན་འདུག  གློག་བརྙན་དུས་སྟོན་དེའི་ཐོག་རྒྱལ་ཁབ་འདྲ་མིན་བརྒྱད་ཙམ་ནས་རྒྱལ་སྤྱི་དང་རྒྱ་གར་གྱི་དངོས་བྱུང་དང་རྟོགས་སྒྲུང་། བྱིས་པའི་གློག་བརྙན་སོགས་ཁྱོན་གློག་བརྙན་༢༥ཙམ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།