བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་ཚོགས་མིའི་ལྷན་འཛོམས།

རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་གནང་ཡོད་པ་རེད་
2008-09-22
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་གནང་ཡོད་པ་རེད་ ལྷན་ཚོགས་དེས་རེས་གཟའ་ཟླ་བ་ནས་འགོ་འཛུགས་ཀྱིས་ཉིན་གསུམ་རིང་གནང་རྒྱུ་ཡིན་པ་དང་ལྷན་ཚོགས་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དབུས་པའི་ཕྱི་འབྲེལ་བཀའ་བློན་སྐལ་བཟང་དབྱངས་སྐྱིད་ལགས་དང་བཀའ་བློན་དང་ལྡི་ལི་དོན་གཅོད་གཅིག་ལྕོག་བསྟན་པ་ཚེ་རིང་ལགས་ བཀའ་ཟུར་བཀྲིས་དབང་འདུས་ལགས་ དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ ཕྱི་འབྲེལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་དང་དྭགས་པ་བསོད་ནམས་ནོར་བུ་ལགས་ ཨ་རི་དོན་གཅོད་ནང་ཡོད་པའི་ལྷོ་ཨ་མི་རི་ཀའི་འབྲེལ་འཐུད་འགན་འཛིན་ཚེ་དབང་ཕུན་ཚོགས་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་བུ་ཆུང་ཚེ་རིང་ལགས་བཅས་པ་ལྷན་ཚོགས་དེར་ཕེབས་ཞུགས་གནང་ཡོད་པ་རེད་ དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ད་ཐེངས་ཀྱི་ཚོགས་འདུ་དེར་བཅར་ཐུབ་མེད་པ་རེད་ གཞན་ཡང་ཚོགས་འདུའི་ཐོག་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་དང་ཚེ་རྒྱམ་ལགས་ སྐུ་སྒེར་དྲུང་ཆེ་ཟུར་པ་བཀྲས་མཐོང་བསྟན་འཛིན་དགེ་ཆེས་ལགས་དང་ བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་ཡང་ཕེབས་ཡོད་པ་རེད་ བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་དེ་བོད་རྒྱ་འབྲེལ་མོལ་གནང་མཁན་རྣམས་པར་ཕན་རོགས་ཆེད་བཙུགས་པ་ཞིག་ཡིན་པའི་གནས་ཚུལ་ཐོན་བཞག།

མཆན། (0)
Share
དྲ་གནས་ཆ་ཚང༌།