རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་བ་རྡོ་རྗེ་ཚེ་རིང་སྐུ་གྲོངས་བ།


2016.03.03
རང་ལུས་མེར་བསྲེགས་གནས་མཁན་སློབ་ཕྲུག་རྡོ་རྗེ་ཚེ་རིང་གི་ཉེ་པར་དང་སྨན་ཁང་ནང་གི་པར། ༢༠༡༦ རང་ལུས་མེར་བསྲེགས་གནས་མཁན་སློབ་ཕྲུག་རྡོ་རྗེ་ཚེ་རིང་གི་ཉེ་པར་དང་སྨན་ཁང་ནང་གི་པར། ༢༠༡༦
མཐུན་འགྱུར་པར་རིས།

དེ་ཡང་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ༢༠༡༦ཟླ་༢བའི་ཚེས་༢༩ཉིན་གྱི་སྔ་དྲོར། རྒྱ་གར་རྡེ་ར་རྡུན་གྱི་རྒན་གསོ་ཁང་གི་ཉེ་འཁྲིས་སུ། མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་གིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་ནས་ད་བར་ལྡི་ལིའི་(Safdarjung hospital)སྨན་ཁང་ནང་མྱུར་སྐྱོབ་བྱས་ཡོད་ཀྱང་དེ་རིང་ཚེས་༣ཉིན་གྱི་དགོང་དྲོར་མྱུར་སྐྱོབ་མ་ཐུབ་པར་སྐུ་གྲོངས་ཡོད་པ་རེད།
སྐུ་མ་གྲོངས་སྔོན་རྡོ་རྗེ་ཚེ་རིང་གིས། ཁོང་གིས་སྔོན་མ་ནས་བོད་དོན་ཆེད་སེམས་ཤུགས་བཅངས་ནས་རང་ལུས་མེར་བསྲེགས་གཏོང་བསམ་ནས་བསྡད་པ་ཡིན་ལ་ཕ་མ་གཉིས་ལ་ཡང་ཞུ་རྒྱུ་བྱུང་། དེ་ལྟར་ད་ཐེངས་བོད་དོན་ལ་ཕན་ཐོགས་ན་བསམ་ནས་སེམས་ཐག་བཅད་ནས་རང་ལུས་མེར་བསྲེགས་བཏང་པ་ཡིན། མཐའ་དོན་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། བོད་རང་བཙན་མྱུར་དུ་ཐོབ་པར་ཤོག་ཅེས་གསུངས་འདུག
མྱུར་སྐྱོབ་སྐབས་ཀྱི་ཉིན་གསུམ་ཙམ་རིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ལྡི་ལི་དོན་གཅོད། ལྡི་ལིའི་ས་གནས་གཞོན་ནུ། བརྒྱ་དཔོན་སོགས་ས་གནས་བོད་མི་ཚོས་ཁོང་ལ་ངོ་ཐུག་གིས་སེམས་གསོ་དང་། མ་སུ་རི་བོད་ཁྱིམ་གྱི་འབྲེལ་ཡོད་སོགས་ཕེབས་ནས་གདུང་སེམས་མཉམ་བསྐྱེད་མཚོན་པ་གནང་འདུག
རྡོ་རྗེ་ཚེ་རིང་ལགས་ད་ལོ་དགུང་ལོ་༡༦ཙམ་ཡིན་པ་དང་། ཕ་ཐུབ་བསྟན་དང་མ་ཉི་མ་གཡང་འཛོམས་གཉིས་ཀྱི་བུ་ཡིན་པར། མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་བའི་སློབ་ཕྲུག་ཡིན་འདུག

གསར་འགོད་པ་ཀླུ་འབུམ།
རྡོ་རྗེ་ཚེ་རིང་གིས་རང་ལུས་མེར་བསྲེགས་གནང་དོན་སྨན་ཁང་ནས་གསུངས་པའི་སྐད་ཆ་གཤམ་ནས་གསན་གཟིགས་གནང་ཐུབ།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎