བལ་ཡུལ་མའོ་ཚོཌ་པའི་ཚོཌ་གཞོན་རྒྱ་གར་ནས་ཕྱིར་ཕེབས།

བལ་ཡུལ་མའོ་ཚོགས་པས་བལ་ཡུལ་གཞུང་འཛིན་གནང་བར་རྒྱ་གར་གཞུང་གིས་དགག་པ་གནང་གི་མེད་ལུགས་མའོ་ཚོགས་པས་གསུངས་འདུག

2011-01-08
Share

༄༅༎བལ་ཡུལ་དམར་ཤོག་མའོ་ཚོགས་པས་བལ་ཡུལ་གཞུང་འཛིན་གནང་བར་རྒྱ་གར་གཞུང་གིས་དགག་པ་གནང་གི་མེད་ལུགས་བལ་ཡུལ་དམར་ཤོག་མའོ་ཚོགས་པའི་ཚོགས་གཞོན་སྦ་སྦུ་རམ་རྦ་ཊ་རའེ་ཡིས་གསུངས་གནང་འདུག

རྒྱ་གར་དུ་ཉིན་བཞིའི་ལྷན་ཚོགས་སུ་ཕེབས་ཏེ་ཕྱིར་འཁོར་མཚམས་བལ་ཡུལ་གནམ་ཐང་དུ་གསར་འགོད་ལྷན་ཚོགས་སུ་གཏམ་བཤད་གནང་ཡོད་ཅིང་། བལ་ཡུལ་རྒྱལ་ནང་གི་དཀའ་རྙོག་སེལ་རྒྱུར་རྒྱ་གར་གཞུང་ལ་འགན་ཁུར་མེད་པ་རེད་ཅེས་དང་། བལ་ཡུལ་ནང་སྲིད་དོན་ཚོགས་པ་སུ་ཐད་ནས་གཞུང་འཛིན་གསར་འཛུགས་གནང་རྒྱུར་རྒྱབ་སྐྱོར་དང་དགག་པ་གནང་བ་སོགས་ཀྱི་བྱེད་སྒོ་རྒྱ་གར་གཞུང་གི་སྤེལ་འཆར་མེད་པ་ནི་རྒྱ་གར་གྱི་དབུ་ཁྲིད་རྣམ་པའི་སྣང་ཚུལ་རེད་ཅེས་དམར་ཤོག་མའོ་ཚོགས་པའི་ཚོགས་གཞོན་སྦ་སྦུ་རམ་རྦ་ཊ་རའེ་ཡིས་ཚིག་ཐག་ཆོད་པོའི་ཐོག་ནས་གསུངས་གནང་འདུག   

འོན་ཀྱང་བལ་ཡུལ་ནང་སྲིད་དོན་འགག་འགྱང་གྱི་དཀའ་རྙོག་དེ་གང་མྱུར་སེལ་ཐབས་ཐོག་ལ་རྒྱ་གར་གཞུང་གིས་ཐུགས་ཚབས་གནང་གི་འདུག་ཅེས་དམར་ཤོག་མའོ་ཚོགས་པའི་ཚོགས་གཞོན་སྦ་སྦུ་རམ་རྦ་ཊ་རའེ་ཡིས་གསུངས་གནང་འདུག རྦ་ཊ་རའེ་རྒྱ་གར་དུ་བཞུགས་རྒྱུན་རིང་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་དང་ཀོང་རེསི་ཚོགས་པའི་འགོ་ཁྲིད་པཱར་ནབ་མུ་ཁར་ཇི་དང་། ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་ ཕྱི་སྲིད་དྲུང་ཆེ་ནི་རུ་པ་མ་རའོ། རྒྱལ་སྲུང་སློབ་སྟོན་པ་ཤིལྦ་ཤང་ཀར་མེ་ནོན་སོགས་དབུ་ཁྲིད་མང་པོ་མཇལ་འཕྲད་གནང་ཡོད་ཅིང་། རྒྱ་གར་གྱི་ལྦི་ལྦེ་ཀ་ནན་རྡ་དགེ་རྩ་ཚོགས་པས་བལ་པོའི་ལྷན་ཚོགས་ཤིག་བསྐོང་འཚོགས་གནང་སྟེ་དམར་ཤོག་མའོ་ཚོགས་པའི་ཚོགས་གཞོན་རྦ་ཊ་རའེ་དང་། སྦར་ཤ་མན་པུན་གཉིས་ལ་མགྲོན་འབོད་གནང་བ་ལྟར་ཕེབས་ཡོད་པ་རེད།

ཉེ་ལམ་བལ་ཡུལ་དམར་ཤོག་མའོ་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་ཡིས་འགོ་ཁྲིད་འོག་ཚོགས་ཆེན་གྱི་ཡིག་ཆ་གཏན་འབེབས་གནང་བའི་ནང་། མི་མང་གྱེན་ལངས་དང་། མི་མང་གི་དབང་བསྒྱུར་བྱ་རྒྱུ་དང་།    རྒྱ་གར་ནི་སྡང་དགྲ་གཙོ་བོ་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།