རྒྱ་ནག་གིས་འབྲོང་སྣ་དགོན་པ་སྒོ་རྒྱབ་འདུག


2014.01.02
འབྲོང་སྣ་དགོན་པ་སྒོ་རྒྱབ་ཡོད་པའི་རྣམ་པ། རྒྱ་ནག་གིས་འབྲོང་སྣ་དགོན་པ་སྒོ་རྒྱབ་འདུག
པར། བོད་འབྱོར།

རྒྱ་ནག་གིས་ནག་ཆུ་འབྲི་རུ་འབྲོང་སྣ་དགོན་པའི་གྲྭ་བ་ཁག་ཅིག་འཛིན་བཟུང་དང་། དགོན་པའི་འདུ་ཁང་དང་གྲྭ་ཤག་ཁག་གཅིག་སྒོ་རྒྱབ་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་ནག་གཞུང་གིས་ཉེ་ལམ་ནས་བཟུང་ནག་ཆུ་འབྲི་རུ་ཕྱོགས་སུ་དམ་དྲག་ནན་མོ་བྱེད་བཞིན་པ་དང་། འབྲི་རུ་ཕྱོགས་ཀྱི་འབྲོང་སྣ་དགོན་པའི་རིག་གནས་དགེ་རྒན་སྐལ་བཟང་དོན་འགྲུབ་ལགས་ཀྱི་གཙོས་གྲྭ་བ་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཉེ་ལམ་དགོན་པར་སྔོག་བཤེར་བྱེད་རྒྱུ་ཡིན་ཚུལ་བཤད་དེ། གྲྭ་བ་ཚོའི་ཅ་དངོས་དང་དགོན་པའི་ནང་ཕ་སྐད་གཙང་མ་བཤད་དགོས་པའི་ལས་འགུལ་སྤེལ་སྐབས་གསོག་ཉར་བྱས་པའི་ཉེས་ཆད་ཀྱི་དངུལ་སྒམ་བཅས་གཞུང་གཞུང་བཞེས་བཏང་བ་དང་། དགོན་པ་སྒོ་རྒྱག་བཅུག་ཏེ་འདུ་ཁང་དང་གྲྭ་ཤག་ཁག་གཅིག་གི་སྒོ་ཁར་སྒོ་ཐེལ་སྦྱར་ནས་འབྲོང་སྣ་དགོན་པ་སྒོ་རྒྱག་བཅུག་ཡོད་པ་རེད།
དེང་སྐབས་འབྲི་རུ་རྫོང་ཁོངས་སུ་བརྒྱུད་ལམ་ཡོངས་རྫོགས་དམ་དྲག་བཀག་སྡོམ་ཤུགས་ཆེན་བྱས་ཡོད་སྟབས། ས་གནས་སུ་བྱུང་བཞིན་པའི་གནས་ཚུལ་རིགས་མང་པོ་ཤེས་རྟོགས་མེད་པ་རེད་འདུག
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎