དོན་འགྲུབ་དབང་ཆེན་བུད་མེད་བཙོན་ཁང་ལ་སྤོར་འདུག

འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་སྔོན་མའི་ངལ་རྩོལ་བསྒྱུར་བཀོད་ར་བ་ནས་ད་སྐབས་མཚོ་སྔོན་ཞིང་ཆེན་བུད་མེད་ཀྱི་བཙོན་ཁང་ནང་གནས་སྤོར་བྱས་ཡོད་འདུག
2013-01-21
གློག་འཕྲིན།
མཆན།
Share
པར་བཀོད།

གནས་ཚུལ་འབྱོར་བ་ལྟར་ན། ལོ་འདིའི་སྤྱི་ཟླ་དང་པོའི་ཚེས་༡༥ཉིན་དོན་གྲུབ་དབང་ཆེན་གྱི་ཉེ་འབྲེལ་ཁག་ཅིག་ཁོང་དང་ཐུག་འཕྲད་གནང་ཡོད་ཅིང་།  སྐབས་དེར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཁོང་སྔོན་མ་ཡོད་སའི་བཙོན་ཁང་ནང་ན་ནིང་སྤྱི་ཟླ་༣་བའི་ནས་ཟླ་བ་ཁ་ཤས་རིང།   ཁོང་གཅིག་པོ་ཁང་མིག་གཅིག་གི་ནང་བཀག་ཉར་དོ་དམ་བྱས་ནས་དཀའ་ངལ་མང་པོ་འཕྲད་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག  རྒྱ་ནག་གཞུང་གིས་དེང་སྐབས་དོན་གྲུབ་དབང་ཆེན་གནས་སྟངས་ཡག་ས་དང་། བོད་རིགས་ཆབ་སྲིད་བཙོན་པ་སུ་གང་ཡང་མེད་སའི་བུད་མེད་ཀྱི་བཙོན་ཁང་ཞིག་ཏུ་གནས་སྦོར་བྱས་ཡོད་པའི་རྒྱུ་མཚན་གང་ཡིན་པ་ཁོང་དང་ཁོང་གི་ནང་མི་ཚོར་འགྲེལ་བརྗོད་བྱས་མི་འདུག

དོན་གྲུབ་དབང་ཆེན་ལགས་ཀྱིས་འཇིགས་བྲལ་ཞེས་པ་གློག་བརྙན་བཟོས་པའི་རྐྱེན་གྱིས་སྤྱི་ལོ་༢༠༠༨ ཟླ་༣ ཚེས་༢༦ཉིན་རྒྱ་གཞུང་གིས་འཛིན་བཟུང་གིས་ལོ་༦གི་ཁྲིམས་ཐག་བཅད་ཡོད་པ་རེད།   སྤྱིར་བོད་རིགས་ཆབ་སྲིད་བཙོན་པ་མང་པོ་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་ནའང་།  མང་ཆེ་ཤོས་ལ་བཙོན་ཁང་དུ་ཉེས་རྡུང་མནར་གཅོད་བཏང་ནས་གཟུགས་པོ་སྐྱོན་ཅན་བཟོས་ཡོད་པ་རེད།  དོན་གྲུབ་དབང་ཆེན་ལགས་ཀྱི་ནང་མི་ཚོས་ཀྱང་ཁོང་ལོ་གཅིག་གི་རྗེས་ནས་བཙོན་གྲོལ་ཐོབ་རྗེས་གཟུགས་པོ་སྐྱོན་ཅན་ཆགས་རྒྱུར་སེམས་ཁྲལ་བྱེད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།