བོད་མི་བཙོན་འགྲོལ་ཆེད་ཡོ་རོབ་སྒྲིག་འཛུགས་ནས་འབོད་སྐུལ་ཞུས་པ།

བོད་ནང་ངོ་རྒོལ་བྱེད་མཁན་བོད་མི་ཆེས་མང་པོ་འཛིན་བཟུང་བཙོན་འཇུག་བྱས་པའི་སྐོར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ཐུགས་འཚབ་གནང་གི་ཡོད་འདུག

2008.06.07

༄༅༎འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ནང་ཞི་བའི་གྱེན་ལངས་བྱུང་སྐབས་ རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་དང་ དམ་བསྒྲགས་ཤིན་ཏུ་ཆེན་པོ་བྱས་ཡོད་པ་མ་ཟད་ བོད་མི་ཆེས་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཏེ་ རྒྱལ་སྤྱིའི་ཡོངས་གྲགས་མང་གཙོའི་ལམ་ལུགས་ལས་ཡོངས་སུ་བརྒལ་བའི་གདུག་རྩུབ་གཏོང་བཞིན་པར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ཐུགས་འཚབ་གནང་གི་ཡོད་ལུགས་གསུངས་གནང་འདུག་

ཉེ་ལམ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ རྒྱ་ནག་གཞུང་གི་འབྲེལ་ཡོད་དབུ་ཁྲིད་དབར་མཇལ་འཕྲད་གནང་ཡོད་པར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་གནང་ཡོད་ཅིང་ བོད་རྒྱའི་བར་གྲོས་མོལ་དོན་དང་ལྡན་པ་གནང་སྟེ་ བོད་མིའི་ཆོས་དང་རིག་གཞུང་ མི་རིགས་ཀྱི་ངོ་བོ་བཅས་སྲུང་སྐྱོབ་ཐུབ་པའི་གནིས་མོས་ཀྱི་རྒྱུན་གནས་ཐབས་ལམ་འཚོལ་དགོས་པ་གལ་ཆེ་བའི་སྐོར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་གསུངས་གནང་འདུག ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་སུད་སི་གྲོང་ཁྱེར་འཇི་ནི་ཝ་རུ་ཚོགས་སྐབས་ ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་ཐེ་བའི་མི་སྣ་ཁག་བོད་ནང་གཟིགས་བསྐོར་གཏང་དགོས་སྐོར་གསུངས་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁས་ལེན་གནང་མེད་པ་རེད་ འོན་ཀྱང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་བོད་ནང་གཟིགས་སྐོར་ཕེབས་ཐུབ་ན་ བོད་རྒྱ་ཞི་མོལ་ལ་ཕན་ཐོག་ངེས་ཅན་ཡོང་རྒྱུ་ཡིན་པར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ཡིད་ཆེས་གནང་གི་ཡོད་པས་དེ་ལུགས་རྒྱ་ནག་གཞུང་གིས་བསམ་ཞིབ་གནང་སྟེ་མཐུན་རྐྱེན་བསྐྲུན་དགོས་པ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་སྐུལ་གནང་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎