ཆབ་མདོ་སྟེང་ཆེན་ཕྱོགས་སུ་ས་ཡོམ་རྒྱབ་ནས་མི་༦༠་ཙམ་རྨས་འདུག

2016-05-11
གློག་འཕྲིན།
མཆན།
Share
པར་བཀོད།
ཆབ་མདོ་སྟེང་ཆེན་རྫོང་ཕྱོགས་ཀྱི་ས་ཁྲ།
ཆབ་མདོ་སྟེང་ཆེན་རྫོང་ཕྱོགས་ཀྱི་ས་ཁྲ།
Photo: RFA

ཆབ་མདོ་སྟེང་ཆེན་རྫོང་ནང་ཚད་རིམ་༥.༥ཡི་ས་ཡོམ་བྱུང་ནས་ད་སྔ་བར་མི་གྲངས་དྲུག་ཅུ་ལྷག་ལ་རྨས་སྐྱོན་ཕོག་པ་རེད།
དེ་ཡང་ཚེས་༡༡ཉིན་གྱི་ས་གནས་ཀྱི་ཆུ་ཚོད་དགུ་དང་སྐར་མ་བཅོ་ལྔ་ཙམ་ལ། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྐ་ཐ་ཡུལ་ཚོར་། ས་ཡོམ་ཚད་རིམ་ལྔ་དང་གྲངས་ཆུང་ལྔ་ཅན་ཞིག་བྱུང་ནས། ད་སྔ་མི་གྲངས་དྲུག་བཅུ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེ་དག་ཁྲོད་མི་གྲངས་དྲུག་གི་རྨས་སྐྱོན་ཅུང་ལྗིད་མོ་ཡིན་པས། རྨས་སྐྱོན་ཕོག་པའི་ནད་པ་རྣམས་ད་ལྟ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་ཚུལ་དང་། དེ་མིན་སྟེང་ཆེན་རྫོང་སྐ་ཐ་དང་། འབའ་རྟ་སོགས་སུ་ས་ཡོམ་གྱི་ཚོར་ཤུགས་ཆེན་པོ་ཡིན་པ་མ་ཟད། ཉེ་འགྲམ་གྱི་རི་བོ་ཆེ་རྫོང་སོགས་སུའང་ས་ཡོམ་གྱི་ཚོར་བ་ཤུགས་ཆེན་ཡིན་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་གནས་ཚུལ་ཐོན་པ་ཨེ་ཕིས་གསར་སྤེལ་ཁང་གིས་ལུང་འདྲེན་བྱས་ཡོད།
ཡང་གནས་ཚུལ་ནང་བརྗོད་ན། གོང་བརྗོད་ས་གནས་དེ་དག་ཏུ་ཁང་ཁྱིམ་ཁ་ཤས་བརྡིབ་པ་དང་། གཞུང་ལམ་དང་ཟམ་པའང་གཏོར་བཤིག་ཐེབས་ཡོད་ཟེར། ཨ་རིའི་ས་གཤིས་རྟོག་ཞིབ་ཁང་གིས་བརྗོད་ན། ས་ཡོམ་བྱུང་སའི་ལྟེ་གནས་དེ་རྒྱ་མོ་ཐང་ཞེས་པའི་གྲོང་ཚོ་དེ་དང་རྒྱང་ཐག་སྤྱི་ལེ་བདུན་ཅུའི་སར་ཡིན་ཞིང་། འགུལ་ཚད་རིམ་པ་ལྔ་དང་གྲངས་ཆུང་ལྔ་ཡིན་འདུག།

གསར་འགོད་པ་ལྕགས་མོ་འཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།